ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་བྱ་དོན་གཞུང་ལས་ཁང་གི་མགྲིན་ཚབ་པས། ཨ་རི་དང་ཐའེ་ཝན་ས་ཁུལ་བར་རྣམ་པ་གང་རུང་གི་དཔོན་རིགས་འགྲོ་འོང་དང་དམག་དོན་འབྲེལ་གཏུག་བྱ་རྒྱུར་ངོ་རྒོལ་མཐའ་ཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2018-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉིན་ཤས་གོང་ཨ་རིའི་གྲོས་ཚོགས་སྟོད་པས་སྤྱི་ལོ་༢༠༡༩ལོའི་རྒྱལ་སྲུང་དབང་སྤྲོད་ཁྲིམས་གཞིར་གྲོས་འཆམ་བྱུང་ནས་ཐའེ་ཝན་གྱི་འགོག་སྲུང་ནུས་པ་ཤུགས་ཆེར་གཏོང་རྒྱུ་དང་། མཉམ་འབྲེལ་དམག་སྦྱོང་རྒྱ་ཆེར་གཏོང་རྒྱུ། མཚོན་ཆ་ཉོ་ཚོང་དང་རིམ་པ་མཐོ་བའི་དམག་དོན་སྤེལ་རེས་སོགས་བྱ་རྒྱུའི་ཐད་རྒྱབ་སྐྱོར་ཞུས་པར། ཐའེ་ཝན་དབང་འཛིན་ལས་ཁུངས་ནས་ཐུགས་རྗེ་ཆེ་ཞུས་ཡོད། དོན་དེའི་ཐད་དཔྱད་གླེང་གང་འདྲ་གནང་རྒྱུ་ཡིན་ནམ་ཞེས་དྲིས་པར། ཕྱི་འབྲེལ་པུས་དོན་དེའི་ཐད་ང་ཚོའི་ལངས་ཕྱོགས་དང་རྣམ་འགྱུར་གསལ་བཤད་བྱས་པ་ཕུད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་བྱ་དོན་གཞུང་ལས་ཁང་གི་མགྲིན་ཚབ་པ་མ་ཞའོ་ཀོང་གིས། ཐའེ་ཝན་གནད་དོན་ནི་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ས་ཆ་ཚང་བར་བྱ་རྒྱུ་དང་འབྲེལ་བ་ཡོད་པ་དང་ཞིག་ཡིན་ལ། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཁྲོད་གལ་ཆེ་ཤོས་དང་ཚོར་སྣང་སྐྱེན་ཤོས་ཀྱི་གནད་དོན་ཞིག་རེད། ང་ཚོས་ཨ་རི་དང་ཐའེ་ཝན་ས་ཁུལ་བར་རྣམ་པ་གང་རུང་གི་དཔོན་རིགས་འགྲོ་འོང་དང་དམག་དོན་འབྲེལ་གཏུག་བྱ་རྒྱུར་ངོ་རྒོལ་མཐའ་ཅིག་ཏུ་བྱ་རྒྱུ་ཡིན། དམག་གཙོ་སྐུལ་འདེད་ཏང་གི་དབང་འཛིན་ལས་ཁུངས་ནས་བཟུང་བའི་བྱ་ཐབས་དེ་རིགས་ཀྱིས་ཐའེ་ཝན་གྱི་མིག་སྔའི་གནས་བབ་དེ་བས་ཟང་ཟིང་དང་རྫ་དྲག་གནས་སུ་སྐྱེལ་བ་ཕུད། མཚོ་ཁག་གཡས་གཡོན་གཉིས་པོའི་འབྲེལ་བ་དེ་བས་རྙོག་རྫིང་ཆེ་རུ་གཏོང་སྲིད་ཅེས་གསུངས་ཡོད་པ་རེད།    །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།