ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་གདན་དྲངས་པ་ལྟར་ཞི་ཅིན་ཕིང་ཨུ་རུ་སིའི་ཧྥུའུ་ལ་ཏེ་བོ་སི་ཐོ་ཁི་ལ་ཐོན་ནས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བཞི་བར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་བཅུ་གཅིག་ཉིན་ཨུ་རུ་སིའི་ཧྥུའུ་ལ་ཏེ་བོ་སི་ཐོ་ཁི་ལ་ཐོན་ནས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བཞི་བར་ཞུགས།

ཉིན་དེའི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་སུམ་ཅུའི་སྟེང་ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་ཧྥུའུ་ལ་ཏེ་བོ་སི་ཐོ་ཁི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བབས་པ་དང་། ཞི་ཅིན་ཕིང་གནམ་གྲུ་ལས་མར་ཕེབས་སྐབས་ཨུ་རུ་སིའི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས།

ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥུན་སོགས་ཞི་ཅིན་ཕིང་དང་ལྷན་དུ་ཨུ་རུ་སི་ལ་ཐོན།

སྐབས་འདིའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་ཚོགས་བཞིན་ཡོད་པ་དང་དེའི་སྐབས་སུ་ཞི་ཅིན་ཕིང་གིས་ཕུའུ་ཅིན་ལ་ཐུག་འཕྲད་བྱེད་རྒྱུ་ཡིན་པར་མ་ཟད་ཀྲུང་གོ་དང་ཨུ་རུ་སིའི་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་། ས་གནས་བརྗེ་རེས་སོགས་ཀྱི་བྱ་འགུལ་ལ་ཞུགས་རྒྱུ་རེད། ཞི་ཅིན་ཕིང་གིས་ད་དུང་གླེང་སྟེགས་ལ་ཞུགས་པའི་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་མཇལ་འཕྲད་གནང་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།