ཀྲུང་གོ་བོད་ཀྱི་དྲ་བ།

འགག་སྒོ་ལས་ཁུངས་ཀྱིས“ཕྱི་རྒྱལ་གྱི་ཟོག་རོ”ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་གཅིག་སྡུད་བྱ་སྤྱོད་སྤེལ་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། འགག་སྒོ་ལས་ཁུངས་ཀྱིས“ཕྱི་རྒྱལ་གྱི་ཟོག་རོ”ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི“གནམ་སྔོན2018”ཆེད་དོན་བྱ་སྤྱོད་ཀྱི་རེས་སྐོར་བཞི་པའི་གཅིག་སྡུད་དྲ་རྙི་བསྡུ་བའི་བྱ་སྤྱོད་སྤེལ་བར་ལྐོག་ཚོང་གི་དོགས་པ་ཡོད་པའི་ཉེས་གསོག་ངན་  ཚོགས་62མེད་པར་བཟོས་པ་དང་། ཉེས་གསོག་དོགས་ཅན་243བཟུང་བ། འགྱིག་ཤོག་སྙིགས་རོ་དང་། གཏེར་སྙིགས། ལྕགས་རིགས་སྣ་ལྔའི་སྙིགས་རོ་སོགས་རིགས་ཁག་གི་གྱོད་འབྲེལ“ཕྱི་རྒྱལ་གྱི་ཟོག་རོ”ཏུན་ཁྲི་59.97ལྐོག་ཚོང་བརྒྱབ་པའི་བདེན་དཔང་ར་སྤྲོད་བྱས་པ་རེད།

ད་ལོ་ཚུན་དུ། རྒྱལ་ཡོངས་ཀྱི་འགག་སྒོ་ལས་ཁུངས་ཀྱིས“ཕྱི་རྒྱལ་གྱི་ཟོག་རོ”ལྐོག་ཚོང་ལ་དམིགས་ཏེ་འདུས་ཚད་མཐོ་བ་དང་། གཅིག་སྡུད་རྣམ་པ། སྦྲེལ་ཐག་ཧྲིལ་པོ་བཅས་ཀྱི་གཅིག་སྡུད་རྡུང་རྡེག་རེས་སྐོར་བཞི་སྤེལ་ནས“ཕྱི་རྒྱལ་གྱི་ཟོག་རོ”ལྐོག་ཚོང་བརྒྱབ་ནས་ས་མཚམས་ནང་འཛུལ་རྒྱུ་བཀག་འགོག་བྱས་པར་ཁྱོན་ཉེས་དོན་གྱོད་གཞི་387ཐོ་འགོད་བྱས་པ་དང་། ཉེས་གསོག་དོགས་ཅན་578བཟུང་བ། ལྐོག་ཚོང་ཉེས་གསོག་ངན་ཚོགས་186མེད་པར་བཟོས་པ། འགྱིག་ཤོག་སྙིགས་རོ་དང་། གཏེར་སྙིགས། ལྕགས་རིགས་སྣ་ལྔའི་སྙིགས་རོ་སོགས་རིགས་ཁག་གི་གྱོད་འབྲེལ“ཕྱི་རྒྱལ་གྱི་ཟོག་རོ”ཏུན་ཁྲི་145ལྐོག་ཚོང་བརྒྱབ་པའི་བདེན་དཔང་ར་སྤྲོད་བྱས་པའི་ནང་ཏུན་ཁྲི་22.1ས་གནས་ས་ཐོག་ཏུ་ཞིབ་བཤེར་བཀག་ཉར་བྱས་པ་རེད།

འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་རྒྱལ་ཡོངས་ཀྱི་འགག་སྒོ་ལས་ཁུངས་ཀྱིས་རྒྱུན་མཐུད་དང་བར་མཚམས་མི་འཇོག་པར་དམ་བསྒྲགས་རྣམ་པའི་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་ཆབས་ཅིག སྤྱི་བདེ་དང་། སྣོད་བཅུད་ཁོར་ཡུག ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་ཁྲིམས་འཛིན་སྡེ་ཚན་དང་འབྲེལ་གཏུག་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ཐོག་རྒྱལ་སྤྱིའི་ཁྲིམས་འཛིན་དང་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ“ཕྱི་རྒྱལ་གྱི་ཟོག་རོ”སོགས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ལ་གནོད་འཚེ་བཟོ་བའི་ལྐོག་ཚོང་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་རྒྱལ་མཚམས་སྲུང་དམག་གི་འགན་འཁྲི་ལག་ལེན་ཏན་ཏིག་བསྟར་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྣོད་བཅུད་ཁོར་ཡུག་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་གཟུགས་པོ་བདེ་ཐང་འགན་ལེན་བྱ་རྒྱུ་རེད་ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།