ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་འགོ་འཛིན་མཛད་ནས་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཆེད་མཁས་པ་སྐོར་ཞིག་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཞིབ་འཇུག་དཔྱད་གཞི་གཙོ་བོའི་ཐད་ལ་བཏོན་པའི་གྲོས་གཞི་དང་བསམ་འཆར་ལ་ཉན། ཁོང་གིས་ནན་གྱིས་བསྟན་དོན། གཞུང་ལུགས་ཀྱི་རིགས་ལམ་གསལ་བར་བྱེད་པ་ནི་ཆབ་སྲིད་ཀྱི་རིགས་ལམ་གསར་བར་བྱེད་པའི་སྔོན་འགྲོ་ཡིན་ལ། གཞུང་ལུགས་ཐད་ཀྱི་ལངས་ཕྱོགས་བརྟན་པོ་ནི་ཆབ་སྲིད་ཐད་ཀྱི་ལངས་ཕྱོགས་བརྟན་པོའི་འགན་སྲུང་ཡིན། གཞུང་ལུགས་ཀྱི་མཛུབ་སྟོན་ཡང་དག་མེད་ན། མཐོ་སར་འགྲེངས་མི་ཐུབ་པ་དང་རྒྱང་རིང་རིག་མི་ཐུབ་ལ། བྱ་སྤྱོད་འགྱུར་མེད་ནུས་ལྡན་ཞིག་ཀྱང་འབྱུང་མི་ཐུབ་པས། སྲིད་གྲོས་ཁོངས་གཏོགས་ཀྱིས་གཞུང་ལུགས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་པར་གཙིགས་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ཟབ་མོ་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། བསམ་བློར་དྲག་ཆས་སྤྲས་པ། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་བྱེད་པ་བཅས་བྱས་ཏེ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཕྱོགས་གནས་གསར་པ་དང་འགན་འཁྲི་གསར་བ་སྔར་ལས་བཟང་པོར་ཁོང་དུ་ཆུད་པར་བྱས་ནས། སྲིད་གྲོས་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་དགོས།

ཝང་དབྱང་གིས་བསྟན་དོན། ལག་ལེན་གྱི་འཕེལ་རྒྱས་ལ་འཛད་ཐབས་མེད་པ་དང་། བདེན་ལུགས་ཀྱི་ངོས་འཛིན་ལ་རྒྱུན་ཆད་མེད་ཅིང་། གཞུང་ལུགས་ཀྱི་གསར་གཏོད་ལ་ཆད་པ་མེད། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་དོན་གྱི་མདུན་ལྗོངས་རྒྱ་ཆེ་བ་དང་། གཞུང་ལུགས་སློབ་སྦྱོང་དང་གཞུང་ལུགས་ཞིབ་འཇུག་བྱ་བར་ཡང་གྲུབ་འབྲས་ཆེན་པོ་བླངས་ཆོག་པས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་གཞུང་ལུགས་སློབ་སྦྱོང་དང་ཞིབ་འཇུག་གི་ཁ་ཕྱོགས་མི་ནོར་བར་བྱེད་དགོས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་གསར་པ་ལག་བསྟར་ཇི་ལྟར་བྱེད་པར་དམ་དུ་དམིགས་ནས། སྲིད་གྲོས་བྱ་བའི་མི་འདང་སར་ཇི་ལྟར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་ཁྱད་ཆོས་དང་ཁྱད་སྟོབས་ཇི་ལྟར་མངོན་པར་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་ཏེ། ཆབ་སྲིད་བྱ་བར་དུས་རབས་རང་བཞིན་སྔར་ལས་བཟང་པོར་མཚོན་པ་དང་། ཆོས་ཉིད་རང་བཞིན་དམ་འཛིན་བྱེད་པ། གསར་གཏོད་རང་བཞིན་ལྡན་པར་བྱེད་པ་བཅས་བྱེད་དགོས། གཞུང་ལུགས་ལག་ལེན་དང་སྦྲེལ་བའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་གྱི་ངོ་བོ་དང་ཆོས་ཉིད་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། གནད་དོན་ཐག་གཅོད་པའི་བསམ་ཕྱོགས་དང་ཐབས་ལམ་ལ་དཔྱད་པ་ཟབ་མོ་གཏོང་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།