ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་གསར་སྐྲུན་མཉམ་ལས་ཚོགས་ཆེན་སྐབས་གསུམ་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས6ཉིན། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་གསར་སྐྲུན་མཉམ་ལས་ཚོགས་ཆེན་སྐབས་གསུམ་པ་པོ་ཧེ་རྒྱལ་ཁབ་ཀྱི་ས་ལ་རི་བོ་ནས་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་བ་དང་པོ་ཧེ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚི་ཝེ་ཚི་ཏིས་ཆི་ཚོགས་ཆེན་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་གསུངས་རྒྱུར། ལོ་མང་བོའི་རིང་ལ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱིས་དངོས་གཉེར་མཉམ་ལས་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བ་དང་། སྒོ་འབྱེད་བཟོད་སྒོམ་དང་གཉིས་ཕན་མཉམ་རྒྱལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པར་མ་ཟད། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བ་དང་མཉམ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ང་ཚོས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་མཉམ་དུ་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོའི་མཉམ་ལས་ལ་སྔར་ལས་སྐུལ་འདེད་བཏང་ནས། མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། གསར་སྐྲུན་མཉམ་ལས་ནི་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོའི་མཉམ་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་མཉམ་དུ་མཉམ་སྐྱོང་དང་མཉམ་སྐུལ། མཉམ་སྤྱོད་བཅས་ཀྱི་སྒོ་ནས་གསར་སྐྲུན་བྱེད་པ་དང་། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པ། ཁེ་ལས་ཀྱིས་ཚོང་ར་ཅན་དང་ཚོང་ལས་ཅན་གྱི་གསར་སྐྲུན་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱས་ནས། རྒྱུན་མཐུད་སྒོས་རྒྱལ་ཁབ་རང་རང་གི་འཕེལ་རྒྱས་གསོ་སྐྱོང་གི་སྒུལ་ནུས་གསར་བ་ཇེ་ཆེར་གཏོང་ངེས་ཡིན་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།