ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་ལས་ཁུངས་ཀྱིས2019ལོའི་ལུགས་གསར་རྙིང་ལོ་སར་སྐབས་སུ་ང་ཚོའི་ཀྲུང་གོའི་ཕུགས་འདུན་ཏེ་རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱོད་པའི་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་སྦྱོར་པར་སྐྲུན་འགྲེམ་སྤེལ་བྱས།

    སྤེལ་དུས། : 2018-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་ལས་ཁུངས་ལྔ་ཡིས་མཉམ་འབྲེལ་སྒོས2019ལོའི་ལུགས་གསར་རྙིང་ལོ་སར་སྐབས་སུ་ང་ཚོའི་ཀྲུང་གོའི་ཕུགས་འདུན་ཏེ། རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱོད་པའི་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་སྦྱོར་པར་སྐྲུན་འགྲེམ་སྤེལ་བྱས།

བརྡ་སྦྱོར་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་སུའུ་ཉི་ཐི་གཡས་ཆི་ཝུའུ་ལན་སྐྱ་མིའི་རུ་ཁག་གི་རུ་མི་རྣམས་ལ་བསྐུར་བའི་ཡིག་ལན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱ་ཆེའི་རིག་གནས་རིག་རྩལ་གྱི་བྱ་བ་སྒྲུབ་མཁན་ཚོས་གཞི་རིམ་ལ་ཁ་གཏད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བར་སྣེ་ཁྲིད་བྱེད་ཆེད། 2019ལོའི་ལུགས་གསར་རྙིང་ལོ་སར་སྐབས་སུ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ང་ཚོའི་ཀྲུང་གོའི་ཕུགས་འདུན་ཏེ། རིག་གནས་ཁྱིམ་ཚང་ཁྲི་ཕྲག་མང་པོར་སྐྱོད་པའི་བྱ་འགུལ་སྤེལ་རྒྱུའི་ཐག་བཅད་པ་ཡིན་ཟེར།

བརྡ་སྦྱོར་ནང་ནན་གྱིས་བསྟན་དོན། བྱ་འགུལ་ཐད་ནས་གསར་བརྗེའི་རིག་རྩལ་གྱི་སྣེ་འདྲེན་གྱི་ཁྱད་ཆོས་འབུར་ཐོན་བྱེད་པ་དང་། བྱ་འགུལ་གྱི་ནང་དོན་དང་རྣམ་པར་གསར་གཏོད་བྱེད་པ། མི་སྣ་འཇོན་པོ་དང་ཆུ་ཚད་ལེགས་པའི་རིག་གནས་རིག་རྩལ་གྱི་ཡན་ལག་རུ་ཁག་བྱ་འགུལ་གྱི་འདྲེན་བྱེད་གཙོ་བོ་རུ་བྱས་ནས། གཞི་རིམ་དུ་སོང་ནས་ཁྱད་ཆོས་ལྡན་པ་དང་གྲུབ་འབྲས་ལྡན་པའི་བྱ་འགུལ་སྤེལ་དགོས་ཟེར། བརྡ་སྦྱོར་ནང་། རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་གི་མངའ་ཁོངས་ཀྱི་ཞང་དང་གྲོང་རྡལ་སོ་སོས་ཉུང་མཐར་ཡང་བྱ་འགུལ་ཐེངས་གཅིག་སྤེལ་བ་དང་ཧ་ལམ་ཡོངས་སུ་ཁེབས་པར་བྱེད་དགོས་པའི་རེ་བ་གསལ་བོ་བཏོན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།