ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭའི་བུ་དང་བུ་མོ་གནས་བབ་གསར་བར་བསྐྱོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཀྲུང་ཧྭའི་བུ་དང་བུ་མོ་གནས་བབ་གསར་བར་བསྐྱོད་ཅེས་པར་དཔྱད་བརྗོད་སྤེལ། 

དཔྱད་བརྗོད་ལས་བསྟན་དོན། ལུགས་རྙིང་ལོ་སར་གྱི་སྐྱ་རེངས་དང་པོ་ཤར་བ་དང་བསྟུན་ནས། རླབས་ཆེ་བའི་མེས་རྒྱལ་གྱིས་དུས་སྐབས་གསར་བ་ཞིག་གི་དཔྱིད་དཔལ་ཡང་བསྐྱར་ཚེས་བྱུང་། ང་ཚོའི་ཏང་དང་ང་ཚོའི་རྒྱལ་ཁབ། ང་ཚོའི་མི་དམངས་བཅས་ལ་འབད་འཐབ་ཁྲོད་ནས་སྔར་ལས་ཆེ་བའི་ཡིད་ཆེས་དང་སྤོབས་པ་ཐོབ་ཡོད་ཅིང་། སྔར་ལས་བློ་བརྟན་འགྱུར་མེད་དང་བློ་སྤོབས་ཆེན་པོས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བགྲོད་ལམ་ཡངས་པོའི་སྟེང་བསྙེག་ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཉམ་དུ་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་དེ་མི་སེམས་འགུལ་བ་ཞིག་རེད། 

མི་དམངས་ནི་ང་ཚོའི་སྲིད་འཛིན་གྱི་རྨང་གཞི་ཆེན་པོ་ཡིན་པ་དང་། ཏང་དང་རྒྱལ་ཁབ་ལས་དོན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་རུང་མི་དམངས་ལ་དབང་བ་ཡིན་གསུངས། མ་འོངས་པར་ཁ་ཕྱོགས་ན་ང་ཚོས་མི་དམངས་དཀྱིལ་སྙིང་དུ་བྱེད་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་དང་། མི་དམངས་ཀྱི་ལངས་ཕྱོགས་གཏན་འཇགས་བརྟན་པོ་བྱས་ཏེ། མི་དམངས་ཁོ་ནར་བརྟེན་དགོས་ལ། གོང་འོག་བློ་སེམས་གཅིག་མཐུན་བྱས་ཏེ་མཐུན་སྒྲིལ་གཅིག་གྱུར་བྱས་ན། ངེས་པར་དུ་བླ་མེད་ཀྱི་སྟོབས་ཤུགས་ཐོབ་སྲིད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཐུབ་ཟེར། །


རྩོམ་སྒྲིག་པ། : ཀླུ་མོ་མཚོ།