ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་སྐོར་ལྔ་བའི་རྒྱལ་ཡོངས་ནས་ལའེ་ཧྥུན་ལ་སློབ་སྦྱོང་བྱ་འགུལ་སྤེལ་བའི་དཔེ་སྟོན་བྱེད་ས་དང་ལས་གནས་སུ་ལའེ་ཧྥུན་ལ་སློབ་སྦྱོང་བྱས་པའི་དཔེ་དམག་སོ་སོར་ལྔ་བཅུར་མིང་བཏགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་སྐོར་ལྔ་བའི་རྒྱལ་ཡོངས་ནས་ལའེ་ཧྥུན་ལ་སློབ་སྦྱོང་བྱ་འགུལ་སྤེལ་བའི་དཔེ་སྟོན་བྱེད་ས་དང་ལས་གནས་སུ་ལའེ་ཧྥུན་ལ་སློབ་སྦྱོང་བྱས་པའི་དཔེ་དམག་སོ་སོར་ལྔ་བཅུར་མིང་བཏགས། ཁོ་ཚོ་ནི་གཞིས་ཁུལ་དང་ཞིང་སྡེ། ཁེ་ལས། སློབ་གྲྭ། ལས་ཁུངས་སོགས་ནས་བདམས་པ་དང་རྒྱལ་ཡོངས་ཀྱི་ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོ། འཐབ་ཕྱོགས་སོ་སོར་ཁེབས་ཡོད་ལ། ལའེ་ཧྥུན་གྱི་སྙིང་སྟོབས་རྒྱུན་འཛིན་མཁན་དང་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བའི་དཔེ་ལེགས་ལག་ལེན་མཁན་ཡིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་དེ་གོ་སྐབས་སུ་བཟུང་སྟེ་ཏན་ཏན་ཏིག་ཏིག་སྒོས་ལས་གནས་སུ་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་རྒྱ་ཆེར་སྤེལ་ནས། སྤྱི་ཚོགས་ཡར་ཐོན་ལ་སྣེ་ཁྲིད་བྱེད་པའི་དར་སྲོལ་བཟང་བོ་ཆགས་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།