ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་ཚོགས་འགོ་ཚུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་དང་ཀླུ་འབུམ་ཚེ་རིང་གཉིས་ཀྱིས་བསྒྱུར།   སྤེལ་དུས། : 2019-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕེན་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་ཞུགས་ཡོད།

  ལི་ཁི་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་།

1124195228_15517679498451n.jpg

 ཟླ3པའི་ཚེས5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚོགས་འགོ་ཚུགས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕེན་དང་། ལི་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

1124195228_15517705079011n.jpg

 ཟླ3པའི་ཚེས5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚོགས་འགོ་ཚུགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།

1124195228_15517681736701n.jpg

 ཟླ3པའི་ཚེས5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚོགས་འགོ་ཚུགས། ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚོགས་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི3000ཙམ་གྱིས་མི་དམངས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་ཏེ་ཚོགས་འདུར་ཞུགས་ཤིང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་བླ་ན་མེད་པའི་འགན་འཁྲི་ལག་བསྟར་ནན་མོ་བྱས།

 དཔྱིད་རླུང་ལྡང་བས་སྐྱེ་དགུའི་གསོན་ཤུགས་རྒྱས། མི་དམངས་ཚོགས་ཁང་ཆེན་མོའི་མི་ཁྲི་ཤོང་བའི་ཚོགས་ཁང་གི་རྣམ་པ་རྔམ་བརྗིད་ལྡན་ཞིང་འཁྲུག་ཆ་དོད། ཀྲུའུ་ཞི་སྟེགས་བུའི་ཡོལ་དབུས་ཀྱི་རྒྱལ་རྟགས་ནི་དམར་མདངས་བཀྲ་བའི་དར་དམར་གྱིས་བརྒྱན་ཏེ་འོད་མདངས་རབ་ཏུ་འཚེར།

 ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ལག་བསྟར་ཀྲུའུ་ཞི་ཝང་ཁྲེན། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅི་པིང་ཤོན། ཨའེ་ལི་ཀེང་དབྱི་མིང་པ་ཧའེ། ཝན་ཨི་ཞང། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝུའེ་ཧྭ། དབྱང་ཀྲེན་ཝུའུ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་སྟེགས་བུ་སྟེང་བཞུགས་ཡོད།

 ཞི་ཅིན་ཕེན་དང་ལི་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞིའི་སྟེགས་བུ་སྟེང་བཞུགས་ཡོད།

 རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཕེབས་དགོས་པའི་འཐུས་མི2975དང་། ཚེས5ཉིན་གྱི་སྔ་དྲོར་དངོས་སུ་ཚོགས་འདུར་ཞུགས་པའི་འཐུས་མི2948ཡོད་པ་རེད། མི27ཚོགས་འདུར་ཞུགས་མ་ཐུབ་པ་དང་། ཚོགས་ཞུགས་མི་གྲངས་དེ་ཁྲིམས་ཀྱི་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

 སྔ་དྲོའི་ཆུ་ཚོད9ཡི་སྟེང་། ལི་ཀྲན་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོག་འགོ་ཚུགས་པ་རེད། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས།

 ཚོགས་འདུའི་གྲོས་རིམ་ལྟར། ལི་ཁི་ཆང་གིས་ཚོགས་ཆེན་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།  སྙན་ཞུ་ཁྱོན་ཁག་གསུམ་དུ་དབྱེ་ཡོད་པ་སྟེ། དང་པོ། 2018ལོའི་ལས་དོན་ཕྱོགས་བསྡོམས། གཉིས་པ།  2019ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས། གསུམ་པ། 2019ལོའི་སྲིད་གཞུང་གི་བྱ་བའི་ལས་འགན་བཅས་རེད།

 ལི་ཁི་ཆང་གིས་གསུངས་རྒྱུར། འདས་ཟིན་པའི་ལོ་གཅིག་ནང་རང་རྒྱལ་གྱི་འཕེལ་རྒྱས་ལ་ལོ་མང་བོར་མཐོང་དཀོན་པའི་རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་ཆེ་ལ་ཛ་དྲག་ཡིན་པའི་གནས་བབ་ལ་འཕྲད་ཡོད། དཔལ་འབྱོར་རྒུད་པའི་གནོན་ཤུགས་གསར་པ་མངོན་ཡོད་རུང་། བློ་མཐུན་ཞི་ཅིན་ཕེན་གཙོ་ཡིན་པའི་ སྟོབས་དང་ལྡན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། འབད་འབུངས་ཡར་བརྩོན་དང་། འགག་སྒྲོལ་དཀའ་ཐུབ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ལེགས་འགྲུབ་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་ལེན་པར་གལ་འགངས་ཆེ་བའི་གྲུབ་འབྲས་གསར་པ་བླངས་ཡོད།

ལི་ཁི་ཆང་གིས་ཕྱོགས་བརྒྱད་ནས་འདས་པའི་ལོ་གཅིག་རིང་གི་བྱ་བར་ཕྱོགས་བསྡོམས་བྱས་པ་འདི་ལྟར། སྤྱི་ཁོག་སྙོམ་སྒྲིག་གསར་གཏོད་དང་འཐུས་ཚང་དུ་བཏང་བ་དང་། དཔལ་འབྱོར་བརྟན་བརླིང་ངང་འཁོར་རྒྱུག་བྱས་པ། འགག་སྒྲོལ་ཆེན་པོ་གསུམ་གྱི་ལས་དོན་ཏན་ཏིག་གིས་བསྒྲུབས་པ། གཙོ་གནད་ལས་འགན་ཐད་དགེ་མཚན་ལྡན་པའི་ཡར་རྒྱས་ཐོན་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ཇེ་ཟབ་ཏུ་བཏང་བ། དངོས་གཞིའི་དཔལ་འབྱོར་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་བཏོན་པ། གསར་གཏོད་ཀྱིས་འཕེལ་རྒྱས་གོང་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་པ། གསར་གཏོད་ནུས་པ་དང་ལས་ཆོད་སྔར་བས་ཆེ་རུ་སོང་། བསྒྱུར་བཅོས་སྒོ་འབྱེད་བྱེད་ཤུགས་ཇེ་ཆེར་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་མུ་མཐུད་ཆེ་རུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་གོང་དུ་སྤེལ་བར་གཅིག་གྱུར་གྱིས་འཆར་འགོད་བྱས་པ་དང་། ཕན་ཚུན་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་མྱུར་དུ་ཆགས་པ། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ། བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་ཞིང་དྲང་སྙོམས་ངང་མི་དམངས་མང་ཚོགས་ལ་ཐོབ་པར་བྱས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་དང་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་བྱས་པ་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་རྒྱུན་འཁྱོངས་བཅས་བྱས་ཡོད།

ལི་ཁི་ཆིང་གིས་བསྟན་དོན། ཉེན་ཁར་བསམ་ན་གཞི་ནས་བདེ་སྡོད་ཡོང་། ཡིད་ཆེས་བརྟན་པོའི་སྒོ་ནས་གྲུབ་འབྲས་ལ་ཁག་ཐེག་བྱེད་པ་དང་མཉམ་དུ། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་གདོང་གཏོད་དགོས་པའི་གནད་དོན་དང་འགྲན་རྩོད་ཀྱི་གནས་བབ་རྟོགས་དགོས། ང་ཚོས་ངེས་པར་དུ་ཐད་ཀར་གནད་དོན་དང་འགྲན་རྩོད་ལ་གདོང་གཏོད་དགོས།  འགན་ལེན་ཐུབ་པ། སྒྲིག་ལམ་དམ་སྲུང་།ནུས་ཤུགས་གང་ཡོད་ཀྱིས་བྱ་བ་བསྒྲུབས་པ། མི་དམངས་ཀྱི་རེ་བ་གཏན་ནས་རྒྱ་ཡན་ཏུ་གཏོང་མི་རུང་བར་བསྟན།

ལི་ཁི་ཆིང་གིས་བཤད་རྒྱུར། 2019ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་སྡོམ་འབོར་གྱི་འཕར་སྣོན6%~6.5ཡིན་པ་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་བའི་འཕར་སྣོན་མི་གྲངས་ཁྲི1100ཡན་ལ་བསླེབ་དགོས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ལ་བརྟག་དཔྱད་བྱས་པའི་ལས་ཤོར་ཚད5.5%ཡས་མས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་ཚད4.5%ཡི་ནང་ཚོད་འཛིན་དགོས་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་སུ་བསླེབ་དགོས། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ་དང་། ཕྱིར་གཏོང་ནང་འདྲེན་གཏན་འཇགས་ཁྲོད་སྤུས་ཚད་མཐོར་འདེགས་དང་། སྤྱི་ཁོག་གི་འདེགས་ཤིང་ཚད་གཞི་ཕལ་ཆེར་བརྟན་པོ་ཡོང་དགོས། དངུལ་རྩའི་ནོར་སྲིད་ཉེན་ཁ་ཚོད་འཛིན་ལ་གྲུབ་འབྲས་ལྡན་དགོས། ཞིང་སྡེའི་དབུལ་ཕོངས་མི་གྲངས་ཁྲི1000ཡན་ལ་བསླེབ་དགོས། སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་ཕལ་ཆེར་འདྲ་མཉམ་ཡོང་དགོས།སྐྱེ་ཁམས་ཁོར་ཡུག་བྱ་བ་གོམ་གང་མདུན་སྤོས་ཀྱིས་ལེགས་བཅོས་དང་། རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་གོང་གི་ཟད་གྲོན་ཚད3%ཡས་མས་མར་ཆགས་ཏུ་འཇུག་དགོས། ཁོར་ཡུག་འབག་བཙོག་དངོས་པོ་གཙོ་བོའི་ཕྱིར་འབུད་ཚད་མུ་མཐུད་དུ་མར་ཆག་ཏུ་འཇུག་དགོས་པར་བཤད།

ལི་ཁི་ཆིང་གིས་སྙན་ཞུའི་ནང་བསྟན་དོན། 2019ལོའི་སྲིད་གཞུང་བྱ་བ་ལེགས་བསྒྲུབ་བཤད་ན་གཤམ་གྱི་འབྲེལ་བའི་དོན་ཚན་ཁག་ལ་ཚོད་འཛིན་བྱེད་དགོས་ཏེ།  གཅིག རྒྱལ་ནང་དང་རྒྱལ་སྤྱིའི་འབྲེལ་བ་གཅིག་གྱུར་འཆར་འགོད་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། གཉིས།  གཏན་འཇགས་ངང་འཕར་སྣོན་འབྱུང་བ་དང་ཉེན་ཁ་སྲུང་བའི་བར་གྱི་འབྲེལ་བ་དོ་སྙོམ་བྱས་ནས། དཔལ་འབྱོར་རྒྱུན་སྲིང་དང་བདེ་ཐང་ངང་འཕེལ་རྒྱས་ལ་ཁག་ཐེག་བྱེད་དགོས།  གསུམ། སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ནས། བཅོས་བསྒྱུར་སྒོ་འབྱེད་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་འཕེལ་རྒྱས་གཏོང་དགོས་པར་བསྟན།

  ལི་ཁི་ཆིང་གིས་བཤད་རྒྱུར། 2019ལོར་གཙོ་གནད་ཐོལ་བརྒལ་དང་། གནད་འགག་ལ་གདེང་ཚོད་ཡོད་པའི་སྒོ་ནས་ནན་ཏན་གྱིས་དོན་ཚན་བཅུའི་བྱ་བ་ལེགས་པར་བསྒྲུབ་དགོས། གཅིག མུ་མཐུད་དུ་སྤྱི་ཁོག་སྙོམ་སྒྲིག་ཚོད་འཛིན་ལ་གསར་འབྱེད་དང་ལེགས་སྒྲིག་བྱས་ནས། དཔལ་འབྱོར་དེ་འོས་འཚམས་ཀྱི་ཁོངས་སུ་འཁོར་སྐྱོད་བྱེད་པ་ཁག་ཐེག་བྱེད་དགོས། གཉིས། ཚོང་རའི་གསོན་ཤུགས་གཙོ་བོ་སྐུལ་ཏེ་ཚོང་ལས་ཁོར་ཡུག་ལེགས་པོ་བསྐྲུན་དགོས། གསུམ། གསར་གཏོད་དང་སྣེ་ཁྲིད་ཀྱིས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ནས། ནུས་པ་གསར་པ་གསོ་སྐྱོང་བྱེད་དགོས། བཞི། སྟོབས་ཤུགས་ལྡན་པའི་རྒྱལ་ནང་ཚོང་ར་ཆགས་པར་སྐུལ་འདེད་བྱས་ནས། ནང་མཁོའི་ནུས་ཤུགས་རྒྱུན་མཐུད་ཀྱིས་འདོན་སྤེལ་བྱེད་དགོས། ལྔ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་འགན་ཡོངས་འགྲུབ་བྱས་ནས། ནན་ཏན་གྱིས་དབུལ་ཐར་ཕྱུག་སྒྱུར་དང་ཞང་གྲོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དྲུག ས་ཁུལ་མཐུན་འགྲིག་ངང་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་རྣམ་པ་གསར་བའི་སྤུས་ཀ་མཐོར་འདེགས་གཏོང་དགོས། བདུན། མཁའ་དབུགས་འབག་བཙོག་ལེགས་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། ཤུགས་ཆེན་པོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས། བརྒྱད། གཏིང་ཟབ་སྒོས་ཁྱབ་ཁོངས་གཙོ་བའི་བཅོས་བསྒྱུར་བྱས་ནས། མགྱོགས་མྱུར་གྱིས་ཁྲོམ་རའི་སྒྲིག་སྲོལ་ལེགས་སྒྲིག་བྱེད་དགོས། དགུ། ཁྱོན་ཡོངས་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་པར་སྐུལ་འདེད་བྱས་ནས། རྒྱལ་སྤྱི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་བ་གསོ་སྐྱོང་བྱེད་དགོས། བཅུ། མགྱོགས་མྱུར་གྱིས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་གཏོང་པ་དང་།སྔར་ལས་ལྷག་པའི་སྒོ་ནས་དམངས་འཚོ་བྱ་བར་འགན་ལེན་དང་ལེགས་བཅོས་བྱེད་དགོས།

ལི་ཁི་ཆང་གིས་ཤུགས་ཆེན་པོའི་སྒོ་ནས་སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་དང་། མི་རིགས། ཆོས་ལུགས་དང་ཕྱིར་སྡོད་རང་མིའི་ལས་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན། ཞང་ཀང་། ཨོ་མོན་འཕེལ་རྒྱས་དང་འགྲམ་ངོགས་གཉིས་ཀྱི་འབྲེལ་བ་བཅས་ལ་ཤུགས་སྣོན་པ་དང་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་ཐད་གསལ་བཤད་ཞིབ་ཕྲ་གནང་།

གྲོས་ཚོགས་ཀྱི་གྲོས་རིམ་ལ་གཞིགས་ནས། ཚོགས་ཆེན་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་གཞིའི་འཆར་ཟིན་སྙན་ཞུ། དེ་མིན2019ལོའི་འཆར་གཞིའི་འཆར་ཟིན། 2018ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་།2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་དང་དེ་མིན2019ལོའི་རྒྱལ་ཡོངས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་ལ་ཞིབ་བཤེར་བྱས།

ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་མཁན་ད་དུང་། ཏིན་ཞོའོ་ཞང་། ལིག་ཧི། ཞོའུ་ཆིས་ལིང་། སོན་ཁྲོན་ལན། ལིས་ཞིས། ལིས་ཆིང་། ལིས་ཧྭོང་ཀྲུང་། ཡང་ཅིས་ཁྲུ། ཡང་ཞོའོ་ཏོའུ། ཀྲང་ཡིག་ཞ། ཁྲིན་ཞིས། ཁྲིན་ཆོན་གོ། ཁྲིན་མེས་ཨར། ཧུའུ་ཁྲོན་ཧྭ། ཀོའོ་ཧྲིན་ཁོན། ཧྭོང་ཁོན་མན། ཚེའི་ཆིས། ཡིག་ཆོན། ཝེས་ཧྥིན་ཧི། ཝང་ཡུང་། ཝང་ཡུས། ཞོའོ་ཅེའི། ཀྲོའོ་ཁི་ཀྲི། ཀྲིག་ཆིང་། ཀྲང་ཅོན། ཀྲང་ཆིན་ལིས། ལིག་ཆིས་པོའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏོང་ཅན་ཧྭ། ཝན་ཀང་། ཧི་ཧིག་ཧྭ། ལོའུ་ཀྲིན་ཀོང་། ཝང་ཀྲིན་ཝེ། མཱ་པོའོ།  ཁྲིན་ཞོའོ་ཀོང་། ལིང་ཀྲིན་ཡུན།  ཞ་པོའོ་ལོང་། ཡང་ཁྲོན་ཐིང་། ལིས་པུན། པཱ་ཐྭིར། ཝང་ཡོང་ཆིན། ཧྭི་ལིས་ཧྥིན། སུའུ་ཧོས། ཀྲིན་ཅིན་པཱང་། ཀོའུ་ཧྲིན་ཙོའུ། ལིག་ཞིན་ཁྲིན། ཧི་ཝེས། ཧྲོའོ་ཧོང་། ཀོའོ་ཡོན་ལོང་བཅས་དང་། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ལིས་ཙོའོ་ཁྲིན། མའོ་ཧྭ། ཀྲང་ཧྲིན་མིན་བཅས་ཡོད།

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡོ་ཨུ་དང་། ཨོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་ཚོགས་འདུར་ཟུར་ཞུགས་བྱས་ཡོད་པར་མ་ཟད་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་ཆེན་ཐེངས་གཉིས་པའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱང་ཐེངས་འདིའི་ཚོགས་ཆེན་ལ་ཞུགས་ཡོད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་སྡེ་ཁག མི་དམངས་ཚོགས་པ་ཁག་གི་འབྲེལ་ཡོད་འགན་འཁུར་མི་སྣ་ཚོགས་ཆེན་ལ་ཟུར་ཞུགས་དང་ཟུར་ཉན་གནང་ཡོད། 

ཀྲུང་གོར་བཅའ་སྡོད་བྱས་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་པས་ཚོགས་ཆེན་ལ་ཟུར་ཉན་གནང་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།