ཀྲུང་གོ་བོད་ཀྱི་དྲ་བ།

ཧུར་ཐག་གིས་མཚར་སྡུག་ལྡན་པའི་མཚོ་སྔོན་གྱི་ཡུལ་སྐོར་རིག་གནས་ཐོན་ལས་དར་རྒྱས་སུ་གཏོང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མི་བཀྲ་ཤིས་རྡོ་རྗེ་ཡིས་གཞི་རིམ་རིག་གནས་འཇོན་མི་གསོ་སྐྱོང་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལ་ཤུགས་སྣོན་དགོས་པའི་བསམ་ཚུལ་བཏོན།

2018ལོར་རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་སྔ་གཞུག་ཏུ་སྒོ་བྱང་བཀེལ་བ་དང་ལས་འགན་སྡེབ་སྒྲིག་བྱས་པར། དྲྭ་གྲོགས་མང་པོས་དགའ་བསུ་ཐོབ།

རྨ་ལྷོའི“རེབ་གོང་སྒྱུ་རྩལ”དང་ལི་ཏུའུ་ཡི“ལིའུ་ཝན་གྱི་ཚོན་རྫ”། མིན་ཧིའི “ལ་ཅའི་གནའ་ཤུལ”། ཟི་ལིང་གི“དངོས་མང་བཤམས་སྟོན་ཚོགས་པ”སོགས་ཡུལ་སྐོར་རིག་གནས་ཉམས་ཞིབ་དང་ཁ་འབྲལ་ཐབས་མེད་ལ། རིག་གནས་ལའང་ཡུལ་སྐོར་ཀྱི་འགན་འཁུར་ཡོད་དགོས།

རིག་གནས་དང་ཡུལ་སྐོར་མཉམ་འབྲེལ་དང་། རིག་གནས་ཀྱི་གྲུབ་ཆ་དེ་ཡུལ་སྐོར་ཐོན་ཁུངས་སུ་ཞུགས་ཚེ། རིག་གནས་དང་ཡུལ་སྐོར་གྱི་འཁོར་སྐྱོད་ལེགས་པོ་མངོན་འགྱུར་བྱེད་པདང་། མཉམ་འབྲེལ་གྱི་རིན་ཐང་འཕར་སྣོན་ཡོང་བར་ཕན། ད་ལོའི་རྒྱལ་ཡོངས་ཀྱི“གྲོས་ཚོགས་གཉིས”ཀྱི་སྟེང་། མཚོ་སྔོན་གྱི་འཐུས་མི་ཨུ་ཡོན་གྱིས་འདིའི་སྐོར་གྱི་ལྟ་ཚུལ་མང་དུ་བཏོན།

སྡོམ་རྩིས་ལྟར་ན། 2018ལོར། མཚོ་སྔོན་གྱི་ཁྱོན་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་གནས་བབ་ཐོག་མར་ཆགས་ཡོད་པ་དང་། ཡུལ་སྐོར་མི་གྲངས་དང་སྤྱིའི་ཡོང་འབབ་ཀྱི་འཕར་ཚད་ཆ་སྙོམས་བྱས་ན20%ཡན་ལ་སླེབས་ཤིང་། ཡུལ་སྐོར་ལ་དོ་ཁུར་བྱེད་ཚད་མུ་མཐུད་དུ་ཇེ་མཐོར་སོང་ཡོད། རིག་གནས་ཡུལ་སྐོར་ལས་རིགས་ནི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དང་། ཐོབ་འབབ་ཀྱི་གལ་ཆེའི་ཐབས་ལམ་ཞིག་ཏུ་འགྱུར་བཞིན་ཡོད།

པད་རྒྱལ་བཀྲ་ཤིས་ཀྱིས་“མཚོ་སྔོན་ནི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་གནས་ཡིན་ལ། སྐྱེ་ཁམས་ཁོར་ཡུག་གི་གནས་བབ་ཞན་པའི་ས་ཁུལ་ཡང་ཡིན། ཡུལ་སྐོར་འཕེལ་རྒྱས་ནི་འཕེལ་རྒྱས་གསར་བའི་འདུ་ཤེས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ལྗང་མདོག་དར་རྒྱས་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་གདམ་གསེས་ཡིན།” ཞེས་བཤད།

བཀྲ་ཤིས་རྡོ་རྗེ་ཡིས་“ངེས་པར་དུ་རིག་གནས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་པ་དང་། རིག་གནས་འཕེལ་ཚུལ་ལ་ངེས་ཤེས་སྐྱེས་ཏེ།  རིག་གནས་ཀྱི་ཉིང་བཅུད་གཅིག་བསྡུས་སྒོས། ཁུ་ནུའི་རིག་གནས་དང་རྨ་ཆུ་དང་ཙོང་ཆུའི་རིག་གནས་སོགས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འགྲེམ་སྟོན་དང་བརྒྱུད་སྒྲོག་བྱེད་པ་དང་། ཏང་སྲིད་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། ”ཞེས་བཤད།

“མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་རིག་གནས་ཐོན་ལས་ཕུན་སུམ་ཚོགས་པས། རིག་གནས་ཡུལ་སྐོར་གྱི་གནས་བབ་གསར་བར་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་ཡུལ་སྐོར་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་།ཚད་ལྡན་གྱི་ཁྲོམ་རའི་འཁོར་རྒྱུག་སྒྲིག་གཞི་འཛུགས་དགོས་ཤིང་། ཆེད་མཁས་འཇོན་མི་ཚུར་བཀུགས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་དང་གསར་དར་ཐོན་ལས་རྣམ་པ་ཕན་ཚུན་གཅིག་ལ་གཅིག་རྟེན་བྱེད་པར་སྐུལ་འདེད་ཀྱིས་དོན་དངོས་དང་མཐུན་པའི་ཐོན་ལས་སྒྲིག་གཞི་གྲུབ་དུ་འཇུག་དགོས། ”ཨུ་ཡོན་ཧྭན་ཝུན་ལིན་གྱིས་ང་ཚོས་གོམ་གང་མདུན་སྤོས་ཀྱིས“ཡུལ་སྐོར་ལྗོངས་རྒྱུའི”ཐོན་ལས་མཉམ་འདྲེས་བྱེད་པར་སྐུལ་འདེད་དང་། སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་གནས་གཞི་དང་སྤྲོ་གསེང་ཞིང་ལས། མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་སོགས་ཀྱི་ནང་དོན་གཙོ་བོར་བཟུང་ནས། ཡུལ་སྐོར་བར་ཡུལ་སྐོར་ཐོན་རྫས་ཅི་འདྲ་འདོན་སྤྲོད་བྱེད་པ་དང་།ཡུལ་སྐོར་བ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པར་སེམས་ཚོར་ག་འདྲ་དགོས་པ། ཡུལ་སྐོར་ཐོན་ལས་དང་ཐོན་ལས་སོ་སོའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད།མཚོ་སྔོན་ཡུལ་སྐོར་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་བཤད།

ཧུར་ཐག་གིས་་རིག་གནས་ཐོན་ལས་དར་རྒྱས་སུ་བཏང་ཡོད་པ་སྟེ། 2019ལོར་མཚོ་སྔོན་གྱི་ལས་གཞི་གཙོ་བོ་ལ། 

མཚོ་སྔོན་བཅིངས་འགྲོལ་བྱས་ཏེ་ལོ་འཁོར་70འཁོར་བའི་རིག་རྩལ་གསར་གཏོད་ལས་གཞི་ལས་བསྟར་གྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་དང་མཚོ་སྔོན་གསར་པའི་སྙིང་སྟོབས་མངོན་པར་མཚོན་པའི་བརྩམས་ཆོས་སྤུས་སྐོར་ཞིག་བསྐྲུན་པ་དང་། ཡུལ་སྐོར་རིག་གནས་དུས་ཆེན་ལེགས་པོ་བསྒྲུབས་པ། རིག་གནས་གནའ་ཤུལ་སྲུང་སྐྱོང་དང་རྒྱུན་འཛིན། བེད་སྤྱོད་གང་ལེགས་བྱས་ཏེ།  “མཚོ་སྔོན་གྱི་འཚེམ་དྲུབ”ཐོན་རྫས་ཆས་རྟགས་གསར་འཛུགས་དང་འཕེལ་རྒྱས་གཏོང་དགོས། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་མཁར་གྲོང་དང་ཞིན་ཧྭ་ཟ་ལར་ས་ཁུལ་གྱི་ཆུའི་གྲོང་རྡལ་སོགས་ཀྱི་ཡུལ་སྐོར་རིག་གནས་གཏིང་ཟབ་ངང་མཉམ་འདྲེས་བྱེད་པའི་ལས་གཞི་ལ་སྐུལ་འདེད་ཀྱིས་ཧུར་བརྩོན་གྱིས་སྤུས་དག་ཡུལ་སྐོར་ལམ་ཐིག་དང་མཛེས་ལྗོངས་ཁུལ་གཙོ་བོ་གསར་འཛུགས་བྱེད་པ། ྲརོལ་མྱོང་བྱེད་ས་དམིགས་འབེན་དུ་བཟུང་ནས་ཤུགས་ཆེན་པོས་མཐོ་སྒང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ་དང་། སྣེ་ཁྲིད་རང་བཞིན་གྱི་སྲིད་ཇུས་གཏན་འབེབས་དང་དམངས་སྲོལ་ཡུལ་སྐོར་དང་། ཁངས་ཤུད་ཡུལ་སྐོར། ཞང་གྲོང་ཡུལ་སྐོར། ཁྱད་ལྡན་རིག་གནས་ཡུལ་སྐོར། ལུས་རྩལ་བདེ་ཐང་ཡུལ་སྐོར་སོགས་ཀྱི་བརྗོད་བྱ་གཙོ་བོ་ཡིན་པའི་ཕྱོགས་བསྡུས་རང་བཞིན་གྱི་དགུན་དཔྱིད་ཡུལ་སྐོར་ཐོན་ལས་བསྐྲུན་པར་སྐུལ་འདེད་བྱེད་དགོས། ཤེས་རིག་ཡུལ་སྐོར་གསར་འཛུགས་དང་། རང་འགུལ་ཡུལ་སྐོར་གནས་གཞི་དང་། ཡུལ་སྐོར་སྤྱོད་ཁང་སོགས་བསྐྲུན་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་།  རྒྱལ་ཡོངས་སྐྱེ་ཁམས་དཔེ་སྟོན་ས་ཁུལ་དང་རྒྱལ་ཁབ་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞི། རང་འགུལ་ཡུལ་སྐོར་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་རྒྱུ་རེད།

རིག་གནས་ཡུལ་སྐོར་ནི་བདེ་སྐྱིད་ཀྱི་ཐོན་ལས་ཤིག་ཡིན་པ་དང་། འཛད་སྤྱོད་པ་ནི་མཐའ་མཇུག་གི་དཔྱད་འཇོག་མཁན་ཡིན། ཡུལ་སྐོར་ལས་རིགས་བཅོས་བསྒྱུར་འཕེལ་རྒྱས་སུ་གཏོང་བར་དམངས་ཕན་བྱ་གཞག་ཡོད་ཚད་དར་རྒྱས་སུ་གཏོང་བའི་འདུ་ཤེས་ཀྱིས་སྒྲིག་གཞི་བཅོས་བསྒྱུར་སྐུལ་འདེད་ལ་བརྟེན་ནས་མཁོ་སྤྲོད་བཅོས་བསྒྱུར་བྱེད་པར་སྐུལ་སྤེལ་བྱེད་པ་དང་། ཕྱི་ངོས་ཀྱི་སྒྲིག་རིམ་ནས་གཏིང་ཟབ་ཀྱི་མཉམ་འདྲེས་ལ་འགྱུར་ལྡོག་བཏང་སྟེ། ཡུལ་སྐོར་མིང་གྲགས་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྔ་ན་མེད་པའི་སྒྱུ་རྩལ་གྱི་མཛེས་ཉམས་བསྐྲུན་པ་དང་། འཕེལ་རྒྱས་ཀྱི་མདུན་ལྗོངས་སྔར་ལས་ཡངས་པོར་ཕྱེས་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།