རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་ནས་མཇུག་སྒྲིལ་བ་རེད།

1552525100140998.jpg

ཟླ3པའི་ཚེས15ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཇུག་སྒྲིལ་གྲོས་ཚོགས་བསྡུས་པ་དང་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕེན་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད། 

1552525108168043.jpg

ཟླ3པའི་ཚེས15ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཇུག་སྒྲིལ་གྲོས་ཚོགས་བསྡུས་པ་དང་།   ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་གཙོ་སྐྱོང་མཛད་པར་མ་ཟད་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་ཡོངས་འགྲུབ་བྱས་རྗེས། ཚེས15ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཇུག་སྒྲིལ། ཚོགས་ཆེན་སྟེང་སྲིད་གཞུང་བྱ་བའི་སྙན་ཞུ་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སོགས་ལ་ཆོག་མཆན་བཀོད། ཚོགས་ཆེན་སྟེང་ཕྱི་ཚོང་དངུལ་གཏོང་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུའུ་ཞིའི་བཀའ་ཁྱབ་ཉེར་དྲུག་པར་མིང་བཀོད་པར་མ་ཟད་བཅའ་ཁྲིམས་དེ་ཁྱབ་སྒྲོག་མཛད།

མཇུག་སྒྲིལ་གྲོས་ཚོགས་ལ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲིན་དང་ཚའོ་ཅན་མེན། ཀྲང་ཁྲུན་ཞན། ཧྲིན་ཡའོ་ཡའོ། ཅི་པེན་ཞོན། ཨེ་ལིས་ཀིན་དབྱི་མེན་པ་ཧེ། ཝན་ཨི་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པད་མ་འཕྲིན་ལས། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚེ་ཏ་ཧྥིན། ཝུའུ་ཝེ་ཧྭ། དབྱང་ཀྲིན་ཝུའུ་བཅས་ཀྲུའུ་ཞིའི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་འདུག་གནས་སྟེང་བཞུགས་ཡོད།

ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

ཚོགས་ཆེན་ལ་འཐུས་མི2974ཞུགས་དགོས་པ་དང་ཉིན་དེའི་ཚོགས་ཆེན་ལ་འཐུས་མི2948ཞུགས་པས་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།

ཉིན་དེའི་སྔ་དྲོའི་དུས་ཚོད9ཡི་སྟེང་ལིས་ཀྲན་ཧྲུའུ་ཡིས་ཚོགས་ཆེན་དངོས་སུ་ཚོགས་འགོ་བརྩམས་པ་ཁྱབ་སྒྲོག་མཛད།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་སྲིད་གཞུང་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་ནང་བསྟན་དོན། ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འདས་པའི་ལོ་གཅིག་གི་ནང་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་བྱས་ཤིང་། སྙན་ཞུའི་ནང་བཏོན་པའི2019ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་རེ་བ་དང་སྲིད་ཇུས་ཀྱི་ཁ་ཕྱོགས། དམིགས་འབེན་ལས་འགན་དང་གནད་སའི་བྱ་བར་འཐད་པ་བྱུང་བ་དང་། སྙན་ཞུ་དེ་ལ་ཆོག་མཆན་འགོད་རྒྱུ་གཏན་འཁེལ་བྱས་ཟེར།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་པ་བརྒྱུད། ཕྱི་ཚོང་དངུལ་གཏོང་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་ཕྱི་ཚོང་དངུལ་གཏོང་བཅའ་ཁྲིམས་དེ2020ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ་དང2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། 2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ་དང2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཆོག་མཆན་འགོད་རྒྱུ་དང2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལ་ཆོག་མཆན་འགོད་རྒྱུ་ཐག་བཅད། བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི2018ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང2019ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། 2018ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང2019ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཆོག་མཆན་འགོད་པ་དང2019ལོའི་ཀྲུང་དབྱང་སྔོན་རྩིས་ལ་ཆོག་མཆན་འགོད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་ནང་བསྟན་དོན། ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འདས་པའི་ལོ་གཅིག་གི་ནང་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་བྱས་ཤིང་། སྙན་ཞུའི་ནང་བཏོན་པའི་ཕྱིན་ཆད་ཀྱི་ལོ་གཅིག་ནང་གི་ལས་འགན་གཙོ་བོ་དང་བྱ་བའི་བཀོད་སྒྲིག་ལ་འཐད་པ་བྱུང་བ་དང་སྙན་ཞུ་དེ་ལ་ཆོག་མཆན་འགོད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་སྙན་ཞུ་དེ་གཉིས་ལ་ཆོག་མཆན་འགོད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲང་རོང་ཧྲོན་གྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་མི་འཁུར་བའི་རེ་ཞུ་དང་ལེན་བྱས་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།

དེའི་རྗེས་ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་། ཁོང་གིས་གསུང་རྒྱུར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ལས་རིམ་ཁག་སོ་སོའི་གྲོས་རིམ་བདེ་ལེགས་ངང་ལེགས་འགྲུབ་བྱུང་། གྲོས་ཚོགས་ལས་བལྟས་ན། འདས་པའི་ལོ་གཅིག་གི་ནང་དུ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཚང་མ་དཀའ་སྤྱད་མདུན་སྐྱོད་དང་དཀའ་ངལ་ཁྱད་དུ་སེལ་བར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཕྱོགས་སོ་སོའི་བྱ་བར་གྲུབ་འབྲས་གསར་བ་བླངས་ཡོད་པར་སྙམ་པས། གྲོས་ཚོགས་ཀྱིས་གྲུབ་འབྲས་དེར་གདེང་འཇོག་ཚད་མཐོན་པོ་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། གྲོས་ཚོགས་ཀྱིས་དམངས་གཙོ་དར་སྤེལ་གང་ལེགས་བྱས་པ་དང་གཟབ་ནན་སྒོས་ཁྲིམས་ལྟར་ལས་དོན་བསྒྲུབས་ནས། སྲིད་གཞུང་བྱ་བའི་སྙན་ཞུ་དང་དེ་མིན་གྱི་སྙན་ཞུ་གཞན་པར་གྲོས་མོལ་བརྒྱུད་དེ་གྲོས་འཆམ་བྱུང་། འཐུས་མི་སོ་སོས་འགན་ནུས་ལ་བློ་དཀར་བའི་རྣམ་འགྱུར་དང་མི་དམངས་ཀྱི་སེམས་འདུན་མངོན་ཅི་ཐུབ་བྱས་ཏེ་སྣང་བརྙན་ལེགས་པོ་བསྟན་པས། དེ་ནི་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། འབད་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད། ང་ཚོས་ཁག་ཁུར་གྱི་བློ་སྤོབས་ཆེན་པོ་བཅངས་ཏེ་རྨང་རྐང་བརྟན་པོའི་སྒོ་ནས་ལས་དོན་སྤེལ་ནས། ཚོགས་ཆེན་གྱིས་གཏན་འབེབས་བཟོས་པའི་ལས་རིམ་ཁག་སོ་སོའི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱེད་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། གྲོས་ཚོགས་ལས་གྲོས་ཞིབ་བརྒྱུད་དེ་ཕྱི་ཕྱོགས་ཉོ་ཚོང་ལ་མ་དངུལ་འཇོག་པའི་བཅའ་ཁྲིམས་ཞེས་པར་གྲོས་འཆམ་བྱུང་བ་ནི། དུས་རབས་གསར་བའི་ནང་ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་རྨང་གཞི་རང་བཞིན་གྱི་བཅའ་ཁྲིམས་ཤིག་རེད། ང་ཚོས་དེར་སློབ་སྦྱོང་མཐར་ཕྱིན་དང་ཁྱོན་ཡོངས་ནས་དངོས་འབེབས་མཐར་ཕྱིན་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་ཟིན་པ་དེས། དམངས་ཆེན་བྱ་བ་བཟང་བོར་བསྒྲུབ་དགོས་པའི་ཐད་བླང་བྱ་མཐོན་པོ་བཏོན་ཡོད། དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་འཛིན་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས་པ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གྱི་བསམ་བློ་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་ལས་གཞན། ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཅིག་བསྡུས་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་དཀྱིལ་སྙིང་དུ་བཟུང་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་དབང་ལག་བསྟར་ནན་མོ་བྱས་མཐར། ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་སྟོང་ཟད་དུ་གཏོང་མི་རུང་ཟེར།

མཇུག་མཐར་ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ད་ཆ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གནད་འགག་དུས་རིམ་ན་གནས་ཡོད་པས། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་ནས་མཐུན་སྒྲིལ་རྡོག་རྩ་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོ་རུ་བསྒྲེང་ནས། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཤིང་། སྲུང་སྐྱོབ་བྱེད་དགོས་པ་བཟང་བོར་བསྒྲུབ་པ། འགན་འཁྲི་ཡིད་ལ་དམ་པོར་ཉར་བ། ཡར་རྒྱས་ལ་བརྩོན་ལེན་བྱེད་པ་བཅས་ལ་འབད་མཐར། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་ལེན་པར་རྨང་གཞི་བརྟན་པོ་འདིང་དགོས་པར་མ་ཟད། གྲུབ་འབྲས་གཡུར་དུ་ཟ་བ་ལེན་པར་འབད་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

སྔ་དྲོའི་དུས་ཚོད9དང་སྐར་མ29ཡི་སྟེང་དུ། ལིས་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་མཇུག་སྒྲིལ་བ་ཁྱབ་སྒྲོག་བྱས། རྒྱལ་གླུ་ཡི་རྔམ་བརྗིད་ལྡན་པའི་དབྱངས་རྟའི་ཁྲོད་ནས་ཚོགས་ཆེན་དངོས་སུ་མཇུག་བསྡུས།

ཀྲུའུ་ཞི་སྟེགས་བུའི་སྟེང་ད་དུང་ཏེན་ཞུའེ་ཞང་དང་ལིག་ཧི། ཞུའུ་ཆིས་ལང་། སུང་ཁྲོན་ལན། ལིས་ཞིས། ལིས་ཆང་། ལིས་ཧུང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡོའུ་ཞ། ཁྲིན་ཞི། ཁྲིན་ཆོན་ཀོ། ཁྲིན་མེན་ཨར། ཧུའུ་ཁྲོན་ཧྭ། ཀའོ་ཧྲིན་ཁོན། ཧུང་ཁོན་མེན། ཚའེ་ཆིས། ཡུག་ཆོན། ཝེ་ཧྥིན་ཧི། ཝང་ཡུང་། ཝང་ཡུས། ཞའོ་ཅེ། ཀྲའོ་ཁི་ཀྲི། ཀྲིག་ཆང་། ཀྲང་ཅུན། ཀྲང་ཆིེན་ལིས། ལིག་ཆིས་པའོ། ཏུང་ཅན་ཧྭ། ཝན་ཀང་། ཧི་ཧིག་ཧྭ། ལུའུ་ཀྲན་གུང་། ཝང་ཀྲིན་ཝེ། མཱ་པེའོ། ཁྲིན་ཞའོ་ཀོང་། ལེང་ཀྲིན་དབྱིན། ཞ་པའོ་ལུང་། དབྱང་ཁྲོན་ཐང་། པ་ཐར། ཝང་ཡུང་ཆིན། ཧི་ལིས་ཧྥིན། སུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིག་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡོན་ལུང་། དེ་མིན་ད་དུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིས་ཙུའོ་ཁྲིན་དང་མེའོ་ཧྭ། ཀྲང་ཧྲིན་མེད་སོགས་བཞུགས་ཡོད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་བཅིངས་འགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས། མི་དམངས་ཚོགས་པ་སོ་སོའི་འབྲེལ་ཡོད་འགན་ཁུར་མི་སྣ་བཅས་ཟུར་ཞུགས་བྱས་ཏེ་ཚོགས་ཆེན་ལ་ཟུར་ཉན་བྱས།

ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཀྱིས་ཀྱང་ཚོགས་ཆེན་ལ་ཟུར་ཉན་བྱས།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།