ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་སིང་ཀ་ཕོར་གྱི་ཙུང་ལི་གཞོན་པ་ཞོར་དུ་ནོར་སྲིད་པུའུ་ཀྲང་གི་འགན་འཁུར་མཁན་ཝང་རོས་ཅེ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190523161627txUA.jpg

ཟླ5བའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་སིང་ཀ་ཕོར་གྱི་ཙུང་ལི་གཞོན་པ་ཞོར་དུ་ནོར་སྲིད་པུའུ་ཀྲང་གི་འགན་འཁུར་མཁན་ཝང་རོས་ཅེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་སིང་ཀ་ཕོར་གྱི་ཙུང་ལི་གཞོན་པ་ཞོར་དུ་ནོར་སྲིད་པུའུ་ཀྲང་གི་འགན་འཁུར་མཁན་ཝང་རོས་ཅེ་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་སིང་ཀ་ཕོར་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་དེ་གོ་སྐབས་སུ་བཟུང་སྟེ་ཀྲུང་གོ་དང་སིང་ཀ་ཕོར་འབྲེལ་བ་དེ་དུས་སྐབས་གསར་བའི་ནང་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་མུ་མཐུད་དུ་མཉམ་ལས་ཀྱི་རྐྱེན་སྲོལ་སྟེགས་བུ་བཀོལ་སྤྱོད་གང་ལེགས་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་དམ་པོ་བྱེད་པ་དང་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་དགོས་ལ། སྐམ་ས་དང་མཚོ་ཐོག་བགྲོད་ལམ་གསར་བ་འཛུགས་སྐྲུན་བྱེད་པ་དང་ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་པར་མ་ཟད། ཀོང་ཀྲིག་དང་ཞང་ཀང་། ཨོ་མིན་ཁུལ་ཁུགས་ཆེན་མོའི་འཛུགས་སྐྲུན་མཉམ་ལས་ལ་ཤུགས་སྣོན་པ་དང་། དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ས་གནས་དང་རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཝང་རོས་ཅེ་ཡིས་བཤད་རྒྱུར། སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་ནས་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་ཇེ་མང་དུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ནས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གཏིང་ཟབ་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།