ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ས་གནས་སྐོར་ཞིག་གི་ཁྲལ་འཕྲི་ཡོན་གཅོག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲན་ཏུང་ཅི་ནན་ནས་འགོ་མཛིན་མཛད་དེ་ས་གནས་སྐོར་ཞིག་གི་ཁྲལ་འཕྲི་ཡོན་གཅོག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིག་ཅ་དབྱི་དང་ཧྲིན་ཀྲང་གུང་ཀྲིན། ཧི་པེ་ཞིང་ཆེན་གྱི་ཧྲིན་ཀྲང་ཞུས་ཆིན། ཅང་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་ཝུའུ་ཀྲིན་ལུང་། ཧྥུའུ་ཅན་ཞིང་ཆེན་གྱི་ཧྲིན་ཀྲང་ཐང་ཏིན་ཅེ། ཧི་ནན་ཞིང་ཆེན་གྱི་ཧྲིན་ཀྲང་ཁྲིན་རུན་ཨེར། ཀོས་ཀྲིག་ཞིང་ཆེན་གྱི་ཧྲིན་ཀྲང་ཧྲིན་དབྱི་ཆིན་བཅས་ཀྱིས་གཏམ་བཤད།

ལིས་ཁི་ཆང་གིས་གསུང་རྒྱུར། ད་ལོར་རང་རྒྱལ་རྙོག་འཛིང་ཛ་དྲག་གི་གནས་བབ་ལ་ཐུག་ཡོད་པ་དང་། དུས་ཚིགས་དང་པོའི་དཔལ་འབྱོར་ཐད་ནས་འགོ་བཟང་བོ་བརྩམས་ན་ཡང་། བརྟན་བརླིང་ངང་འཁོར་རྒྱུག་བྱེད་པའི་གནས་བབ་ད་དུང་སྲ་བརྟན་མིན་ལ། ཕྱི་ཕྱོགས་ཀྱི་གཏན་འཇགས་མིན་པའི་རྒྱུ་རྐྱེན་དང་འགྲན་རྩོད་ཇེ་མང་དུ་འགྲོ་བཞིན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། གཅིག་གྱུར་སྒོས་གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ། བཅོས་བསྒྱུར་སྒོ་འབྱེད་ལ་རྒྱབ་བརྟེན་ནས་དངོས་ཕུང་དཔལ་འབྱོར་གྱི་གསོན་ཤུགས་སྔར་ལས་རྒྱ་སྐྱེད་པ། དཀའ་ཁག་དང་འགྲན་རྩོད་ཁྱད་སེལ་བྱེད་པ། རང་ཉིད་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། ལས་ཞུགས་མངོན་འགྱུར་བྱེད་པ་དང་དཔལ་འབྱོར་བརྟན་བརླིང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ལིས་ཁི་ཆང་གིས་གསུང་རྒྱུར། སྔར་ལས་གཞི་ཁྱོན་ཆེ་བའི་ཁྲལ་འཕྲི་ཡོན་གཅོག་ལག་བསྟར་བྱེད་པར་ཁག་ཐེག་བྱེད་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤྱི་ཡོངས་ལ་འབྲེལ་བ་ཡོད་དེ། གཅིག་ནས་མིག་སྔར་གྱི་རྩིས་ཐོ་དང་ཡུན་རིང་གི་རྩིས་ཐོ་ལ་རྩིས་བཟང་བོ་རྒྱག་དགོས། གཉིས་ནས་ཀྲུང་དབྱང་གི་རྩིས་ཐོ་དང་ས་གནས་ཀྱི་རྩིས་ཐོ་ལ་རྩིས་བཟང་བོ་རྒྱག་དགོས་ཟེར།

ལིས་ཁི་ཆང་གིས་གསུང་རྒྱུར། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཆ་ཧ་ཅང་བཟང་བ་དང་། ཆེ་ཕྱོགས་ཚོད་འཛིན་ཐད་ནས་ད་དུང་སྲིད་ཇུས་ཡོ་བྱད་བཀོལ་སྤྱོད་བྱེད་པའི་བར་སྟོང་ཡོད། གོ་རིམ་རྗེས་མར་བཟོ་སྐྲུན་ལས་རིགས་ཀྱི་འཕར་སྣོན་རིན་གྲངས་དཔྱ་ཁྲལ་ཐད་ནས་ཆ་རྐྱེན་ཇེ་ལྷོད་དུ་གཏོང་དགོས་པ་མ་ཟད། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གསར་གཏོད་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བར་ཞིབ་འཇུག་བྱེད་དགོས། དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་རྗེས་འདེད་དབྱེ་ཞིབ་བྱེད་པ་དང་། ཁ་གཏད་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། དཔལ་འབྱོར་བརྟན་བརླིང་ངང་འཁོར་རྒྱུག་བྱེད་པ་དང་དམངས་ཚིས་རྒྱུན་མ་ཆད་པར་ལེགས་བསྒྱུར་བྱེད་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་དགོས་ཟེར།

ཞོ་ཅེ་བཞུགས་མོལ་ཚོགས་འདུ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།