ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལོས་ཧྲ་མེ་དབྱིན་ཇིའི་བག་འཁུམ་ཏང་གི་གཙོ་འཛིན་གསར་བར་བདམས་པ་དང་ཁོ་མོས་ཁཱ་མེ་ལུང་གི་ཚབ་ཏུ་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

78.jpg

ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན། དབྱིན་ཇིའི་ལོན་ཏོན་ནས། དབྱིན་ཇིའི་ནང་སྲིད་བློན་ཆེན་ཐི་ལོས་ཧྲ་མེ་ཡིས་གྲོས་ཁང་ཞོལ་མའི་ཕྱི་རོལ་དུ་གཏམ་བཤད་སྤེལ་བཞིན་པ།

79.jpg

ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན། དབྱིན་ཇིའི་ལོན་ཏོན་ནས། དབྱིན་ཇིའི་ནང་སྲིད་བློན་ཆེན་ཐི་ལོས་ཧྲ་མེ་ཡིས་གྲོས་ཁང་ཞོལ་མའི་ཕྱི་རོལ་དུ་གཏམ་བཤད་སྤེལ་བཞིན་པ།

80.jpg

ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་དབྱིན་ཇིའི་པའོ་མེན་ཝུན་ནས། ནང་སྲིད་བློན་ཆེན་ཐི་ལོས་ཧྲ་མེ་ཡིས་འགྲན་རྩོད་བྱ་འགུལ་སྟེང་གཏམ་བཤད་སྤེལ་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིན་དེར་བག་འཁུམ་ཏང་གི་གཙོ་འཛིན་གྱི་འདེམ་སྒུག་མི་སྣ་གཉིས་ཀྱི་ཡ་གྱལ། ནུས་ཁུངས་དང་ནམ་ཟླའི་འགྱུར་ལྡོག་པུའུ་ཡི་ནུས་ཁུངས་ལས་དོན་གྱི་འགན་ཁུར་བའི་རྒྱལ་སྲིད་བློན་ཆེན་ལེ་ཏི་སུའུ་མུའུ་ཡིས་འགྲན་རྩོད་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས། བག་འཁུམ་ཏང་གིས་དེའི་རྗེས་སུ་ཐི་ལོས་ཧྲ་མེ་ཏང་གི་གཙོ་འཛིན་གྱི་འདེམ་སྒུག་མི་སྣ་གཅིག་པུ་ཡིན་པ་ཁས་ལེན་བྱས་པ་དང་། ཁོ་མོ་བག་འཁུམ་ཏང་གི་གཙོ་འཛིན་གསར་བར་བདམས། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་དེའི་རྗེས་སུ་ཚེས་བཅུ་གསུམ་ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཐི་ལོས་ཧྲ་མེ་དེ་སཱ་ཆེ་ཨར་ལྕམ་མོའི་རྗེས་ཀྱི་དབྱིན་ཇིའི་ལོ་རྒྱུས་སྟེང་གི་བུད་མེད་དབུ་བཞུགས་བློན་ཆེན་གཉིས་པར་འགྱུར་རྒྱུ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།