ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་དཔོན་རིགས་ཀྱིས་ཕུའུ་ཅིན་དང་ཨོ་པཱ་མཱ་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་སྟེང་ནས་གྲོས་མོལ་བྱེད་རྒྱུ་ཡིན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཟླ་བརྒྱད་པའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སྟེང་གྲོས་མོལ་བྱེད་རྒྱུ་རེད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕུའུ་ཅིན་དང་ཨོ་པཱ་མཱ་ཡིས་མཐོ་རིམ་གྲོས་ཚོགས་སྐབས་སུ་ཐབས་ངེས་ཅན་ཞིག་ལ་བརྟེན་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཁེར་རྐྱང་དུ་གྲོས་མོལ་བྱེད་དེ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་རང་ཉིད་ཀྱིས་ཐག་གིས་གཅོད་རྒྱུ་རེད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་གཞོན་པ་པིན་ལོ་ཙི་ཡིས་དེའི་སྔོན་གསར་འགྱུར་ལས་རིགས་ལ་བསྟན་དོན། ཕོ་བྲང་དཀར་པོས་ཨོ་པཱ་མ་དང་ཕུའུ་ཅིན་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་དངོས་གཞི་མིན་པའི་གྲོས་མོལ་བྱེད་ཀྱང་སྲིད་ཟེར།

ཨུ་རུ་སིའི་འཕྲིན་གཏོང་ཁང་གིས་ཟླ་བརྒྱད་པའི་ཚེས་སུམ་ཅུའི་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་སུ། ཕུའུ་ཅིན་གྱིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་དང་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་སོགས་ཡོ་རོབ་གླིང་གི་མགོ་ཁྲིད་པར་གྲོས་མོལ་བྱེད་པའི་འཆར་གཞི་མེད་ཟེར།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་གཅིག་པ་དེ་ཟླ་དགུ་བའི་ཚེས་བཞི་ཉིན་ནས་ཚེས་ལྔ་ཉིན་བར་ཀྲུང་གོའི་ཀྲེ་ཅང་ཞིང་ཆེན་གྱི་ཧང་ཀྲིག་གྲོང་ཁྱེར་ནས་འཚོག་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་འཛམ་གླིང་གི་དཔལ་འབྱོར་ཚོགས་ཁག་གཙོ་བོའི་མགོ་ཁྲིད་པ་གནས་དེར་འཛོམས་ཏེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་དངུལ་ལོར་བཅོས་སྐྱོང་གི་གྲོས་གཞི་གལ་ཆེན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།