ཀྲུང་གོ་བོད་ཀྱི་དྲ་བ།

སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གིས་འཇར་པན་དུ་འཚམས་འདྲི་བྱེད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

48.jpg

ལིས་ཞན་ལུང་གི་རྒྱུ་ཆའི་པར་རིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སིང་ག་ཕོར་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་ཉེར་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ཙུང་ལི་ལིས་ཞན་ལུང་གིས་ཚེས་ཉེར་དྲུག་ཉིན་ནས་བཟུང་འཇར་པན་དུ་དུས་ཡུན་ཉིན་བཞིའི་རིང་དངོས་གཞིའི་འཚམས་འདྲི་བྱེད་རྒྱུ་ཡིན་ཟེར། ལིས་ཞན་ལུང་གིས་འཇར་པན་དུ་འཚམས་འདྲི་བྱེད་སྐབས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་གྲོས་མོལ་བྱེད་རྒྱུ་རེད།

སྔོན་དཔག་བྱས་པ་ལྟར་ན། སྐབས་ཐོག་དེར་འཇར་པན་གྱིས་འཕྲོག་རེས་བྱེད་པའི་སིང་ག་ཕོར་ནས་ཅི་ལུང་ཕའོ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལས་གཞི་དང་ཞི་བདེ་རྒྱ་མཚོ་བརྒལ་བའི་གྲོགས་པོའི་འབྲེལ་བའི་གྲོས་ཆོད་སྔ་མོ་ནས་ནུས་ལྡན་དུ་འགྱུར་བ་སོགས་གྲོས་གཞི་གཙོ་བོར་འགྱུར་ངེས་རེད།

འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྟན་དོན། ལིས་ཞན་ལུང་གི་ཐེངས་འདིའི་འཚམས་འདྲི་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བར་རྗེས་དྲན་བྱེད་པའི་ཆེད་དུ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། འཇར་པན་སྲིད་གཞུང་གིས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར་སྐུ་གཤེགས་པའི་སིང་ག་ཕོར་གྱི་སྔོན་ཆད་ཀྱི་ཙུང་ལི་ལིས་ཀོང་ཡའོ་ལ་བྱ་དགའི་རྟགས་མ་གནང་ནས་ཁོང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་ཐད་བཞག་པའི་བྱས་རྗེས་ལ་གཟེངས་བསྟོད་བྱེད་རྒྱུ་ཐག་བཅད་ཡོད་ལ། ལིས་ཞན་ལུང་བུ་ཆེ་བ་ཡིན་པའི་ཆ་ནས་ཐེངས་འདིའི་འཚམས་འདྲིའི་སྐབས་སུ་དངོས་སུ་བྱ་དགའི་རྟགས་མ་དེ་ལེན་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།