ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་མེ་རི་ཁས་སྐོར་ཐེངས་གསར་བའི་འཐབ་ཇུས་བདེ་འཇགས་ཀྱི་གྲོས་མོལ་ཚོགས་འདུ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས་ཚེས་ཉེར་ལྔ་ཉིན་བདེན་དཔང་བྱས་དོན། ཀྲུང་གོ་དང་ཨ་མེ་རི་ཁས་ཚེས་ཉེར་དགུའི་ཉིན་པེ་ཅིན་ནས་སྐོར་ཐེངས་གསར་བའི་འཐབ་ཇུས་བདེ་འཇགས་ཀྱི་གྲོས་མོལ་ཚོགས་འདུ་སྤེལ་རྒྱུ་རེད་ཟེར།

ལུའུ་ཁང་གིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཡེ་སེའུ་དང་ཨ་མེ་རི་ཁའི་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་པུའུ་ལིན་ཁུན་གཉིས་ཀྱིས་མཉམ་དུ་སྐོར་ཐེངས་གསར་བའི་ཀྲུང་གོ་དང་ཨ་མེ་རི་ཁའི་འཐབ་ཇོུས་བདེ་འཇགས་གྲོས་མོལ་ཚོགས་འདུར་མགོ་འཛིན་བྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་། ཐུན་མོང་གིས་སེམས་ཁུར་བྱེད་པའི་འཐབ་ཇུས་བདེ་འཇགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་རྒྱུ་ཡིན་ལ། བྱེ་བྲག་གི་བཀོད་སྒྲིག་ལ་མཐུན་སྦྱོར་བྱེད་པའི་སྒང་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།