ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལེ་པེན་གྱིས་མཱ་ལེ་ཞི་ཡཱ་ཡིས་རྒྱལ་ཁོངས་བརྒལ་ནས་དྲག་ཆས་ཉེས་ཅན་རྗེས་འདེད་བྱེད་ཆོག་པར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཱ་ལེ་ཞི་ཡཱའི་ཙུང་ལི་ནཱ་ཅི་པུའུ་ཡིས་ཚེས་བཅུའི་ཉིན་འཚམས་འདྲིར་ཡོང་བའི་ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཧྥེ་ལེ་པེན་དང་མཱ་ལེ་ཞི་ཡཱའི་མཉམ་དུ་འབྲེལ་བའི་མཚོ་ཁོངས་ཀྱི་བདེ་འཇགས་གནད་དོན་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུར་འཐད་པ་བྱུང་བ་དང་། ཧྥེ་ལེ་པེན་ཕྱོགས་ཀྱི་མཱ་ལེ་ཞི་ཡཱའི་དམག་དཔུང་དང་བཅའ་ཁྲིམས་ལག་བསྟར་མི་སྣས་རྒྱལ་ཁོངས་བརྒལ་ནས་ཧྥེ་ལེ་པེན་གྱི་མཚོ་ཁོངས་སུ་དྲག་ཆས་ཉེས་ཅན་རྗེས་འདེད་བྱེད་ཆོག་པར་བྱས།

ནཱ་ཅི་པུའུ་ཡིས་ཏུའུ་ཐི་ཨར་ཐི་དང་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མི་གཏའ་བཙན་ཁྲིད་བྱེད་པ་སོགས་ཀྱི་དོན་རྐྱེན་མཚམས་ལན་རེར་འབྱུང་བཞིན་པར་དམིགས་ཤིང་། བདེ་འཇགས་ཀྱི་རྒྱ་མཚོའི་ཁོར་ཡུག་དང་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་ཆེད། ཧྥེ་ལེ་པེན་དང་མཱ་ལེ་ཞི་ཡཱ། ཧིན་རྡུ་ཉི་ཞི་ཡཱ་བཅས་རྒྱལ་ཁབ་གསུམ་གྱིས་མུ་མཐུད་དུ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཧྥེ་ལེ་པེན་གྱིས་མཱ་ལེ་ཞི་ཡཱའི་དམག་དཔུང་གིས་རྒྱལ་ཁོངས་བརྒལ་གནས་དྲག་ཆས་ཉེས་ཅན་རྗེས་འདེད་བྱེད་པར་ཆོག་མཆན་བཀོད་ཡོད་ཟེར།

ཁོས་བསྟན་དོན། ད་ལོའི་ཚུན་ལ་མཱ་ལེ་ཞི་ཡཱའི་མི་བཅུ་ཧྥེ་ལེ་པེན་གྱི་དྲག་ཆས་ཉེས་ཅན་གྱིས་བཙན་ཁྲིད་བྱས་པ་དང་། དེའི་ནང་མི་གཏའ་ལྔ་སྔར་བཞིན་དྲག་ཆས་ཉེས་ཅན་གྱི་ལག་ཏུ་ཡོད། གཟའ་འཁོར་འདིའི་ནང་གསར་འགྱུར་ལས་རིགས་ཀྱིས་ད་རུང་འཇར་མན་གྱི་བཟའ་ཟླ་གཉིས་ཧྥེ་ལེ་པེན་ནས་བཙན་ཁྲིད་བྱས་པའི་དོན་རྐྱེན་སྒྲོག་བཞིན་ཡོད།

ནཱ་ཅི་པུའུ་ཡིས་བསྟན་དོན། རྒྱལ་ཁོངས་བརྒལ་ནས་རྗེས་འདེད་བྱེད་པ་ནི་ཕན་ཚུན་རོགས་རམ་བྱེད་པའི་སྤྱོད་གོ་ཆེ་བའི་བྱེད་ཐབས་ཤིག་ཡིན་པ་རེད། ང་ཚོས་མི་གཏའ་བཙན་ཁྲིད་བྱས་ཏེ་བསླུ་ཡོན་ལེན་པའི་བྱ་སྤྱོད་དེ་རིགས་ཚར་གཅོད་བྱེད་དགོས་ཟེར།

ཉེ་བའི་ལོ་འགའི་རིང་། མཱ་ལེ་ཞི་ཡཱའི་ཧྲ་པཱ་ཀྲིག་ཤར་འགྲམ་སོགས་ས་ཁུལ་དུ་ཕྱི་རྒྱལ་གྱི་གནས་སྐོར་བ་ཧྥེ་ལེ་པེན་གྱི་དྲག་ཆས་མི་སྣས་བཙན་ཁྲིད་བྱས་པའི་གནས་ཚུལ་མང་དུ་འབྱུང་བཞིན་ཡོད། ཧྲ་པཱ་ཀྲིག་དེ་ཧྥེ་ལེ་པེན་ལྷོ་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་དུ་གནས་པ་དང་། ཧྥེ་ལེ་པེན་སྲིད་གཞུང་གིས་ས་ཁུལ་དེར་དོ་དམ་བྱེད་པའི་ཤུགས་ཚད་བལྟོས་བཅས་ཀྱིས་ཅུང་ཞན་པ་དང་། ཧྥེ་ལེ་པེན་ལྷོ་ཕྱོགས་ས་ཁུལ་དུ་འགུལ་སྐྱོད་བྱེད་པའི་ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་སོགས་ཀྱིས་ནམ་རྒྱུན་ཧྲ་པཱ་ས་ཁུལ་སོགས་སུ་ས་དེའི་མི་དང་ཕྱི་རྒྱལ་གྱི་གནས་སྐོར་བ་བཙན་ཁྲིད་བྱས་ཏེ་བསླུ་ཡོན་ལེན་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།