ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་རུ་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་པས་ཐུར་ཁེའི་ཙུང་ཐུང་ལ་རྒྱལ་ཡིག་སྤྲད་པ་དང་རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་རྒྱུན་ལྡན་དུ་གྱུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

以色列驻土耳其大使向土总统递交国书 两国外交关系正常化.jpg

ཐུར་ཁེ་རུ་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་པས་ཐུར་ཁེའི་ཙུང་ཐུང་ལ་རྒྱལ་ཡིག་སྤྲད་པ་དང་རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་རྒྱུན་ལྡན་དུ་གྱུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེ་རུ་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་པ་ཨེ་ཐན་གྱིས་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ལ་རྒྱལ་ཡིག་སྤྲད་དེ། ཐུར་ཁེ་རུ་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཆེན་མོའི་ལས་འགན་དངོས་སུ་ཁུར། དེ་ལས་ཉིས་སྟོང་བཅུ་ལོའི་ཚུན་ལ་ཐུར་ཁེ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་ལོ་ངོ་དྲུག་རིང་ཕྱི་ཕྱོགས་འབྲེལ་བ་མི་བཟང་བའི་གནས་བབ་མཇུག་སྒྲིལ་ཏེ་ཕྱི་ཕྱོགས་འབྲེལ་བ་རྒྱུན་ལྡན་དུ་གྱུར་བ་མཚོན་ཡོད། དབྱི་སི་རལ་དུ་སྡོད་པའི་ཐུར་ཁེའི་གཞུང་ཚབ་པས་ཀྱང་ཟླ་འདིའི་ཚེས་བཅུ་གཉིས་ཉིན་ལས་འགན་ཁུར་རྒྱུ་རེད།

ཉིས་སྟོང་བཅུ་ལོར་མཱ་ཨར་མཱ་ལཱ་སྔོན་པོ་རྟགས་ཅན་གྱི་དོན་རྐྱེན་བྱུང་རྗེས། ཐུར་ཁེ་དང་དབྱི་སི་རལ་གྱི་ཕྱི་ཕྱོགས་འབྲེལ་བ་ཇེ་སྡུག་ཏུ་སོང་། དུས་ཡུན་རིང་བོར་གྲོས་མོལ་བྱས་པ་བརྒྱུད་ད་ལོའི་ཟླ་དྲུག་པར་ཐུར་ཁེ་དང་དབྱི་སི་རལ་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱུན་ལྡན་དུ་གཏོང་བའི་ཐད་ནས་སོལ་རླངས་དང་རྡོ་སྣུམ་གྱི་ཐོན་ཁུངས་ཉོ་ཚོང་དང་། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སོགས་འདུས་པའི་གྲོས་མཐུན་རབ་དང་རིམ་པ་བཀོད་པར་མ་ཟད། ཕན་ཚུན་བར་གཞུང་ཚབ་ཆེན་མོ་མངག་གཏོང་བྱེད་རྒྱུ་ཐག་བཅད།

ད་ལོའི་ཟླ་བཅུ་གཅིག་པར། ཕྱོགས་གཉིས་ཀྱིས་གཞུང་ཚབ་ཆེན་མོའི་འདེམ་སྒུག་མི་སྣ་གཏན་འཁེལ་བྱས་པ་དང་། དབྱི་སི་རལ་གྱི་དབྱིན་ཇི་རུ་སྡོད་པའི་གཞུང་ཚབ་ཆེན་མོ་གཞོན་པ་ཨེ་ཐན་གྱིས་ཐུར་ཁེ་རུ་སྡོད་པའི་གཞུང་ཚབ་ཆེན་མོའི་འགན་ཁུར་རྒྱུ་གཏན་འཁེལ་བྱས། ཐུར་ཁེ་ཕྱོགས་ཀྱིས་ཙུང་ལིའི་ཕྱི་དོན་བློ་འདོན་པ་ཨིག་ཁའེ་མུའུ་དབྱི་སི་རལ་དུ་སྡོད་པའི་གཞུང་ཚབ་པར་མངག་གཏོང་བྱེད་རྒྱུ་ཐག་བཅད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།