ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་ལ་ཡང་བསྐྱར་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས།

ཡོང་ཁུངས། : བོད་ལྗོངས་འཕྲིན་དྲ།     སྤེལ་དུས། : 2016-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་གསར་འགྱུར་ལས་དོན་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། འཇིགས་སྐུལ་ཉེས་ཅན་གྱིས་ཉིན་དེར་བསྟུད་མར་ཐེངས་གཉིས་ལ་ཏཱ་མཱ་ཧྲི་ཀི་རུ་ཡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་པ་དང་། སྟབས་ལེགས་པ་ཞིག་ལ་མི་སྣར་ཤི་རྨས་ཐེབས་མེད་ཟེར།

བསྒྲགས་པ་ལྟར་ན། ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་དུས་ཚོད་གཅིག་དང་སྐར་མ་བཅུ་དགུའི་སྟེང་། འཇིགས་སྐུལ་ཉེས་ཅན་གྱིས་བསྟུད་མར་ཐེངས་གཉིས་ལ་སི་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས། སྒྱོགས་མདེལ་དེ་གཞུང་ཚབ་ཁང་གི་ར་བའི་ནང་ལྷུང་ཡང་། འགས་གཏོར་མ་བྱུང་བ་དང་། གཏོར་ལེན་མི་སྣས་དེའི་རྗེས་སུ་སྒྱོགས་མདེལ་གཏོར་ལེན་བྱས་ནས་འཇིགས་ཉེན་སེལ་བ་རེད།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། སི་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་དང་ཕྱི་འབྲེལ་མི་སྣ་ལ་ཏཱ་མཱ་ཧྲི་ཀི་ནས་ཕྱོགས་ཁག་རེ་འགའི་བདེ་འཇགས་འཇིགས་ཉེན་ཐེབས་ཡོད་པ་དང་། ཏཱ་མཱ་ཧྲི་ཀིའི་ཤར་ཕྱོགས་ཀྱི་ས་ཁུལ་མང་ཆེ་བ་མིག་སྔར་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་དང་ཐལ་སྤྱོད་རྩ་འཛུགས་ཀྱིས་བདག་བཟུང་བྱས་ཡོད་ཟེར།

སི་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་ལ་ཐེངས་སྔོན་མར་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་པ་ནི་ད་ལོའི་ཟླ་བཅུ་བའི་ནང་རེད། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། གཞུང་ཚབ་ཁང་ལ་སྔ་ཉིན་མེ་སྒྱོགས་ལྔའི་འཇབ་རྒོལ་ཐེབས་པ་དང་། མི་སྣར་ཤི་རྨས་ཐེབས་མེད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།