ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་དམག་བཀོལ་གནམ་གྲུས་ནོར་འཆུག་བྱུང་སྟེ་ཡུལ་གྱར་བའི་སྒར་སར་འཇབ་རྒོལ་བྱས་ཏེ་མི་ལྔ་བཅུ་ལྷག་ལ་ཤི་རྨས་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

39f8ae258bcee7578c22e969279486f8.jpg

ཟླ་དང་པོའི་ཚེས་བཅུ་བདུན་ཉིན། ནེ་ཀྲི་རི་ཡཱའི་པའོ་ཨར་ནོའུ་ཀྲིག་ནས། སྐྱེས་པ་ཞིག་གིས་རྨས་ཕོག་པའི་བྱིས་པ་ཞིག་པང་ནས་འགྲོ་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ནེ་ཀྲི་རི་ཡཱའི་དམག་བཀོལ་གནམ་གྲུས་ཉིན་དེར་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་གི་ལྟེ་གནས་གྲོང་ཁྱེར་མེད་ཏུའུ་ཀུའུ་ལི་ནས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་སྐབས་ནོར་འཆུག་བྱུང་སྟེ་ཡུལ་གྱར་བའི་སྒར་ས་ཞིག་ལ་འཇབ་རྒོལ་བྱས། རྒྱལ་ཁབ་ཀྱི་ཁྱད་པར་མེད་པའི་སྨན་པའི་རྩ་འཛུགས་ཀྱིས་བཤད་ན་ནོར་འཆུག་བྱུང་བའི་འཇབ་རྒོལ་དོན་རྐྱེན་དེ་ལས་མི་ང་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ཉི་ཤུར་རྨས་ཕོག་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།