ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ལེ་ཞི་ཡཱའི་དཔོན་རིགས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་གནས་སྐོར་བའི་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཱ་ལེ་ཞི་ཡཱའི་ཧྲ་པཱ་ཀྲིག་གི་གནས་སྐོར་དང་རིག་གནས། ཁོར་ཡུག་བཅས་ཀྱི་པུའུ་ཀྲང་ལས་རོགས་པ་ཕིན་ཡུས་མེན་གྱིས་ཚེས་གསུམ་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཧྲ་པཱ་ཀྲིག་སྲིད་གཞུང་གིས་མཉམ་འབྲེལ་རྟོག་ཞིབ་ཨུ་ཡོན་ལྷན་ཁང་འགའ་བཙུགས་ཏེ། གྲུ་གཟིངས་ནུབ་པའི་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་པའི་འགན་ཁུར་བར་མ་ཟད། བྱེད་ཐབས་ནུས་ལྡན་སྤྱད་དེ་གནས་སྐོར་ཚོང་རར་དག་ཐེར་བྱས་ཏེ། ཀྲུང་གོའི་གནས་སྐོར་བ་དང་བཅས་པའི་རྒྱལ་ཁབ་སོ་སོའི་གནས་སྐོར་བའི་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

ཕིན་ཡུས་མེན་གྱིས་བཤད་རྒྱུར། གྲུ་གཟིངས་ནུབ་པའི་དོན་རྐྱེན་བྱུང་རྗེས། ཧྲ་པཱ་ཀྲིག་སྲིད་གཞུང་གིས་མྱུར་མོར་འཕྲལ་སྒྲུབ་རྐྱེན་སྲོལ་བཙུགས་ཏེ་མཱ་ལེ་ཞི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་བར་འབྲེལ་འདྲིས་ཟབ་མོ་བྱས་ནས། ཕྱོགས་གཅིག་ནས་གར་སོང་མ་རྙེད་པའི་མི་སྔོག་བཤེར་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སྐྱབས་པའི་ཀྲུང་གོའི་གནས་སྐོར་བའི་གསོ་བཅོས་དང་སེམས་གསོའི་བྱ་བ་བཟང་བོར་བསྒྲུབས། དུས་རིམ་རྗེས་མར་མུ་མཐུད་དུ་སྔོག་བཤེར་དང་གསོ་བཅོས་བྱེད་པ་ལས་གཞན། མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་ད་རུང་མཱ་ལེ་ཞི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་མཉམ་དུ་མཱ་ལེ་ཞི་ཡཱ་རུ་ཡོང་བའི་གནས་སྐོར་བའི་ཁྱིམ་མིའི་བཀོད་སྒྲིག་དང་སྐྱིན་ཚབ་སྤྲོད་པའི་བྱ་བ། གནས་སྐོར་ཚོང་རའི་དག་ཐེར་བྱ་བ་བཅས་བཟང་བོར་བསྒྲུབ་རྒྱུ་ཡིན་ཟེར།

ཕིན་ཡུས་མེན་གྱིས་བཤད་རྒྱུར། གཟའ་འཁོར་རྗེས་མར་ཐོག་མའི་རྟོག་ཞིབ་སྙན་ཞུ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་། དེའི་རྗེས་སུ་གནས་སྐོར་ལས་རིགས་ཀྱི་དག་ཐེར་ལེགས་བཅོས་ཀྱི་གྲོས་འདོན་སྙན་ཞུ་སྤྲོད་རྒྱུ་ཡིན་ཟེར།

ཀྲུང་གོའི་གནས་སྐོར་བ་ཉི་ཤུ་ལྷག་དྲུད་པའི་གྲུ་གཟིངས་ཤིག་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་ཧྲ་པཱ་ཀྲིག་ཉེ་འདབས་ཀྱི་མཚོ་ཁོངས་ནས་ནུབ་པ་དང་། དོན་རྐྱེན་དེ་ལས་ཀྲུང་གོའི་གནས་སྐོར་བ་གསུམ་རྐྱེན་ལམ་དུ་ཤོར་བ་རེད། མཱ་ལེ་ཞི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། སྔར་བཞིན་ཀྲུང་གོའི་གནས་སྐོར་བ་ལྔ་དང་གྲུ་བ་གཅིག་གར་སོང་རྙེད་མེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། དོན་དེར་འབྲེལ་བ་ཡོད་པའི་གནས་སྐོར་ཁང་གཉིས་ཀྱི་ལས་གཉེར་དཔང་ཡིག་རྩིས་མེད་དུ་བཏང་བ་དང་། གྲུ་གཟིངས་ཀྱི་བདག་པོར་ཉེས་དོན་འགན་འཁྲི་རྩད་གཅོད་བྱས། དེ་ལས་གཞན་དེའི་སྔོན་དོན་རྐྱེན་བྱུང་བའི་གྲུ་གཟིངས་ཀྱིས་བེད་སྤྱོད་བྱེད་པའི་ཁྲིམས་འགལ་ཀྱི་གྲུ་ཁ་དེར་བཀག་སྡོམ་བྱས་པ་དང་། མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་གནས་སྐབས་སུ་ཧོན་ཐན་གླིང་ཕྲན་གྱི་གནས་སྐོར་ལས་གཞི་མཚམས་བཞག་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།