ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཏཱ་མཱ་ཧྲི་ཀིའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

b44be912eb59626eef69fe99e20b255c.jpg

ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སའི་ཡུལ་དངོས་རྣམ་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལ་འཕྲིན་ཡིག་བསྐུར་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་དེར་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་བྱུང་བའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་གཏོང་དགོས་པའི་འབོད་སྐུལ་བཏང་།

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་འཕྲིན་ཡིག་ནང་བཤད་རྒྱུར། འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་གཉིས་ནི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉེ་སྔོན་ས་ཁུལ་མང་བོ་ནས་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཐད་ནས་རྒྱལ་ཁ་བླངས་པར་འཁོན་ལན་སློག་པའི་ཆེད་ཡིན་པ་དང་། སི་རི་ཡཱའི་མངའ་ཁོངས་ཀྱི་འཇིགས་སྐུལ་སྟོབས་ཤུགས་ཀྱིས་ཞི་བའི་འགྲིག་མཐུན་འཕེལ་རིམ་ལ་ངོ་རྒོལ་བྱེད་པ་མཚོན་ཡོད་ཟེར།

དབྱི་རག་གི་ཧྲི་ཡེ་ཕྱོགས་ཁག་གི་མང་ཚོགས་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་གཉིས་ལ་ཚེས་བཅུ་གཅིག་ཉིན་ཏཱ་མཱ་ཧྲི་ཀི་ནས་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བརྒྱ་དང་ཉི་ཤུ་ལྷག་ལ་རྨས་ཕོག་ཡོད།

སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་སི་རི་ཡཱའི་རང་དབང་དམག་དཔུང་ལ་འབྲེལ་བ་ཡོད་པའི་དྲག་ཆས་ཕྱོགས་ཁག་ལོས་ཧྥན་ཐིའི་རལ་གྲི་ཞེས་པ་དེས་ཐེངས་འདིའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་ཡོད།


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།