ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལི་ཡིས་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་གྲོགས་པོའི་རྒྱལ་ཁབ་དག་གིས་ཡུལ་གྱར་བའི་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་དྲ་ཐོག་ནས་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་གྲོགས་པོའི་རྒྱལ་ཁབ་དག་གིས་ཉེ་སྔོན་བྱུང་བའི་ཡུལ་གྱར་བའི་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།

སོ་མཱ་ལིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། སོ་མཱ་ལིའི་ཡུལ་གྱར་བ་དྲུད་པའི་གྲུ་གཟིངས་ཤིག་ཡེ་མིན་མཚོ་ཁོངས་བརྒྱུད་སྐབས་འཇབ་རྒོལ་གྱི་དམིགས་འབེན་དུ་གྱུར་བ་རེད་ཟེར།

རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱི་མགྲིན་ཚབ་པ་མུས་ཨར་མན་གྱིས་ཚེས་བཅུ་བདུན་ཉིན་རི་ནེ་ཝ་ནས་བདེན་དཔང་བྱས་དོན། སོ་མཱ་ལིའི་ཡུལ་གྱར་བ་དྲུད་པའི་གྲུ་གཟིངས་ཤིག་ལ་ཚེས་བཅུ་དྲུག་ཉིན་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་ཡུལ་གྱར་བ་སོ་གཅིག་རྐྱེན་ལམ་དུ་ཤོར་ཟེར། གཞན་ཡང་ཡེ་མིན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཡེ་མིན་ནུབ་ངོས་མཚོ་ཁོངས་སུ་བགྲོད་པའི་ཡུལ་གྱར་བའི་གྲུ་གཟིངས་དེར་གྱེན་འཕུར་གནམ་གྲུ་ཞིག་གི་འཇབ་རྒོལ་ཐེབས་པ་རེད་ཟེར།

མུས་ཨར་མན་གྱིས་བསྟན་དོན། མིག་སྔར་ད་རུང་འཇབ་རྒོལ་མཁན་གྱི་ཐོབ་ཐང་ངོས་འཛིན་བྱས་མེད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།