ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་གྲོས་ཁང་གི་དཔོན་པོས་ཨ་མེ་རི་ཁས་ཉིང་རྡུལ་མཚོན་ཆ་ཧན་གོ་དང་འཇར་པན་དུ་བཀོད་སྒྲིག་བྱེད་པའི་ལྐོག་བརྡ་བསྟན་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨོ་ཙེ་ལོ་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་སྐྱོན་འཛུགས་བྱས་དོན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན་གྱིས་ཉེ་སྔོན་འཇར་པན་དང་ཧན་གོ་རུ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་པའི་ལྐོག་བརྡ་བསྟན་པ་དང་། གལ་ཏེ་དོན་དེ་བདེན་པ་ཡིན་ན་ཨུ་རུ་སི་ཡིས་རང་སྟེང་གི་ཉིང་རྡུལ་ནུས་པའི་བདེ་འཇགས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ཏིས་ལེ་སིན་གྱིས་ཚེས་བཅུ་བདུན་ཉིན་ཧན་གོའི་རྒྱལ་ས་ཧྲིག་ཨར་ནས་ཧན་གོ་དང་འཇར་པན་དུ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་པའི་འགོག་སྲུང་བྱེད་ཐབས་སྤྱོད་མིན་འདྲི་སྐབས་བསྟན་དོན། ཉིང་རྡུལ་མཚོན་ཆ་མེད་པའི་ཁྲའོ་ཞན་ཕྱེད་གླིང་ཞིག་འཛུགས་ཆེད་འཇར་པན་ལ་ཉིང་རྡུལ་མཚོན་ཆ་དགོས་མཁོ་ཆེ། གལ་ཏེ་ཨེ་ཤ་ཡཱ་བྱང་ཤར་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་ནས་ཚད་ངེས་ཅན་ཞིག་ལ་བསླེབ་ན། བཀག་འགོག་གི་དམིགས་ཡུལ་དབང་གིས་ཨ་མེ་རི་ཁའི་ཕྱོགས་ཀྱིས་བཀོད་སྒྲིག་དེ་འདྲ་བྱེད་སྲིད་ཀྱང་ཁྲིགས་ཁྲིགས་མེད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།