ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཆབ་སྲིད་ལས་རིགས་ཀྱིས་ཞིབ་དཔྱོད་སྡེ་ཁག་གིས་ཕེའོ་ཅིན་ཧོས་ལ་རྟོག་ཞིབ་ནན་མོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉེར་གཅིག་ཉིན། ཧན་གོའི་སྔོན་ཆད་ཀྱི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་འདྲི་གཅོད་བྱས། ཧན་གོའི་ཆབ་སྲིད་ལས་རིགས་ཀྱིས་ཞིབ་དཔྱོད་སྡེ་ཁག་གིས་བཅའ་ཁྲིམས་དང་རྩ་དོན་གཞིར་བཟུང་སྟེ་ཕེའོ་ཅིན་ཧོས་ལ་རྟོག་ཞིབ་ནན་མོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐུན་མོང་དམངས་གཙོ་ཏང་གི་མགྲིན་ཚབ་པ་ཕེའོ་ཅོང་མཱེ་ཡིས་བཤད་རྒྱུར། ཕེའོ་ཅིན་ཧོས་ནི་རྩ་ཁྲིམས་དང་སྲིད་དོན་ལོ་རྒྱུས་སྟེང་ལས་འགན་བླངས་པའི་ཙུང་ཐུང་ཐོག་མ་ཡིན་ཞིང་། ཁོ་མོས་རང་གི་ཉེས་པར་ངོས་ལེན་དང་དགོངས་དག་མི་ཞུ་བར་མ་ཟད། རྒྱལ་དམངས་ལ་རྣམ་འགྱུར་བཟང་བོ་བསྟན་མེད་ཟེར། ཕེའོ་ཅོང་མཱེ་ཡིས་ཞིབ་དཔྱོད་སྡེ་ཁག་གིས་རྟོག་ཞིབ་ནན་མོ་བྱས་ཏེ། བློས་ཐུབ་གྲོགས་མོས་སྲིད་ལ་ཐེ་གཏོགས་བྱས་པའི་གྱོད་དོན་ལ་རྩད་གཅོད་གསལ་བོ་བྱེད་དགོས་པའི་འབོད་སྐུལ་བཏང་།

རང་དབང་ཧན་གོའི་ཏང་གི་རྒྱལ་ཚོགས་འཐུས་མི་ཀྲིན་ཡུས་ཙེ་ཡིས་བསྟན་དོན། རྒྱལ་དམངས་ཡོངས་ཀྱིས་སྔོན་ཆད་ཀྱི་ཙུང་ཐུང་ལ་འདྲི་གཅོད་བྱས་པར་འཕང་སེམས་སྐྱེས་བཞིན་ཡོད་ཀྱང་། ཞིབ་དཔྱོད་སྡེ་ཁག་གིས་བཅའ་ཁྲིམས་དང་རྩ་དོན་གཞིར་བཟུང་ནས་དོན་དེར་རྟོག་ཞིབ་གསལ་བོ་བྱེད་དགོས་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། རང་དབང་ཧན་གོའི་ཏང་གིས་ད་རུང་ཞིབ་དཔྱོད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་ཀུན་སྤྱོད་སོགས་ལ་བསམ་བློ་བཏང་སྟེ། རྟོག་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད་སྔོན་ཆད་ཀྱི་ཙུང་ཐུང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་མཉམ་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།