ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཆེས་མཐོའི་མི་དམངས་གྲོས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་ཆེས་མཐོའི་མི་དམངས་གྲོས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བ་སྤེལ་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་གྲོས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཅིག་ཉིན་སྤྱི་སྒྲོག་སྤེལ་ཏེ། ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་ཕེན་རང་ནས་ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་གྲོས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བ་སྤེལ་རྒྱུ་ཐག་བཅད་པ་དང་། གྲོས་མི་ཚབ་མས་ངེས་པར་དུ་ཟླ་བཞི་བའི་ཚེས་དགུ་ནས་ཚེ་བཅུའི་ཉིན་བར་གྲོས་ཚོགས་ལ་ཐོ་འགོད་བྱེད་དགོས་ཟེར།

ཆེས་མཐོའི་མི་དམངས་གྲོས་ཚོགས་ནི་ཁྲའོ་ཞན་གྱི་ཆེས་མཐོའི་དབང་ཤུགས་ལས་ཁུངས་ཡིན་པ་དང་། དེའི་གྲོས་མི་ཚབ་མ་དག་ལོ་ལྔའི་ནང་ཐེངས་རེར་འདེམ་བསྐོ་བྱེད་པ་རེད། ཆེས་མཐོའི་མི་དམངས་གྲོས་ཚོགས་ལོ་རེར་ཐེངས་གཅིག་ནས་ཐེངས་གཉིས་ལ་ཚོགས་པ་དང་། ལོ་སྔོན་མའི་རྒྱལ་དམངས་དཔལ་འབྱོར་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ལོ་དེའི་སྔོན་རྩིས་ལ་གྲོས་མཐུན་འགོད་པ་དང་། འབྲེལ་ཡོད་ཀྱི་མི་དོན་གནད་དོན་ལ་གྲོས་བསྡུར་བྱེད་པ་རེད། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དྲུག་པའི་ཚེས་ཉེར་དགུའི་ཉིན། ཁྲའོ་ཞན་གྱིས་ཕེན་རང་ནས་ཆེས་མཐོའི་མི་དམངས་གྲོས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།