ཀྲུང་གོ་བོད་ཀྱི་དྲ་བ།

བྷང་ག་ལཱའི་ཏཱ་ཁཱའི་ཉེན་རྟོག་པའི་ཞིབ་བཤེར་ས་ཚིགས་ཤིག་ནས་རང་སྲོད་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྷང་ག་ལཱའི་ཏཱ་ཁཱའི་ཉེན་རྟོག་པའི་ཞིབ་བཤེར་ས་ཚིགས་ཤིག་ནས་ཚེས་ཉེར་བཞིའི་ཉིན་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། འཇབ་རྒོལ་མཁན་རྐྱེན་ལམ་དུ་ཤོར་བ་དང་། མིག་སྔར་མི་སྣ་གཞན་པར་ཤི་རྨས་ཐེབས་པའི་གནས་ཚུལ་བསྒྲགས་མེད།

བྷང་ག་ལཱའི་ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། འཇབ་རྒོལ་དོན་རྐྱེན་དེ་དགོང་མོའི་དུས་ཚོད་བརྒྱད་ཡས་མས་སུ་བྱུང་བ་དང་། འཇབ་རྒོལ་མཁན་གྱིས་ཏཱ་ཁཱའི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདབས་ཀྱི་ཉེན་རྟོག་པའི་ཞིབ་བཤེར་ས་ཚིགས་ཤིག་ནས་འགད་རྫས་འགས་གཏོར་བཏང་བ་རེད། མིག་སྔར་ད་རུང་འཇབ་རྒོལ་མཁན་དེའི་ཐོབ་ཐང་གསལ་བོར་མི་ཤེས་ཟེར།

དེ་ནི་གཟའ་འཁོར་གཅིག་གི་རིང་ཏཱ་ཁཱའི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདབས་ནས་བྱུང་བའི་ཉེན་རྟོག་པར་དམིགས་པའི་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་པ་རེད།

ཚེས་བཅུ་བདུན་ཉིན། ཏཱ་ཁཱའི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདབས་ཀྱི་ཉེན་རྟོག་པའི་སྒར་ས་ཞིག་ལ་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉེན་རྟོག་པ་གཉིས་ལ་རྨས་ཕོག་པ་དང་། འཇབ་རྒོལ་མཁན་རྐྱེན་ལམ་དུ་ཤོར། དོན་རྐྱེན་བྱུང་རྗེས། བྷང་ག་ལཱའི་སྲིད་གཞུང་གིས་རང་གི་མངའ་ཁོངས་ཀྱི་གནམ་གྲུ་ཐང་དང་བཙོན་ཁང་ཡོད་ཚད་ཀྱི་བདེ་འཇགས་དོགས་ཟོན་རིམ་པ་ཇེ་མཐོར་བཏང་ཡོད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།