ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཐུན་མོང་དམངས་གཙོ་ཏང་གི་སྔོན་ཆད་ཀྱི་ཏང་གཙོ་ཝུན་ཙེ་ཡན་གྱིས་ཙུང་ཐུང་འདེམ་བསྐོ་ལ་ཞུགས་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཐུན་མོང་དམངས་གཙོ་ཏང་གི་སྔོན་ཆད་ཀྱི་ཏང་གཙོ་ཝུན་ཙེ་ཡན་གྱིས་ཚེས་བཅུ་བཞིའི་ཉིན་སྐབས་རྗེས་མའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་དངོས་སུ་ཁྱབ་སྒྲོག་བྱས་པ་དང་། དམངས་སེམས་གཅིག་ཏུ་བསྡུས་ཏེ་སྲིད་དབང་བརྗེ་སྤོར་མངོན་འགྱུར་བྱེད་དགོས་ཟེར།

ཝུན་ཙེ་ཡན་གྱིས་ཉིན་དེར་སྤྱི་ཚོགས་གསར་འགྱུར་སྨྱན་བྱད་བརྒྱུད་དེ་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་དངོས་སུ་ཁྱབ་སྒྲོག་བྱས། ཁོས་བཤད་རྒྱུར། རང་ཉིད་ཀྱིས་རྒྱལ་དམངས་དག་དང་མཉམ་དུ་རྒྱལ་དམངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྲིད་དབང་བརྗེ་སྤོར་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར། ཝུན་ཙེ་ཡན་ནི་ཧན་གོའི་སྐབས་རྗེས་མའི་ཙུང་ཐུང་གི་འདེམ་སྒུག་མི་སྣ་གཙོ་བོར་རློམ་ཡོད་ཀྱང་། དེའི་སྔོན་ཁོ་རང་འདེམ་བསྐོ་ལ་ཞུགས་རྒྱུ་དངོས་སུ་ཁྱབ་སྒྲོག་མ་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།