ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱི་དམག་ཆས་མཛོད་ཁང་ཞིག་ནས་འགས་གཏོར་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། རྒྱ་གར་དཀྱིལ་དབུས་ཀྱི་ཅཱ་པཱ་ཨར་ཕུའུ་ཨར་ས་ཁུལ་གྱི་དམག་ཆས་མཛོད་ཁང་ཞིག་ལ་ཚེས་ཉེར་ལྔ་ཉིན་འགས་གཏོར་དོན་རྐྱེན་བྱུང་སྟེ། མི་ཉི་ཤུ་ཙམ་ལ་རྨས་ཕོག དཔོན་ཕྱོགས་ཀྱིས་མི་སྣར་ཤི་རྨས་བྱུང་བའི་གནས་ཚུལ་བཤད་པར་ཁས་ལེན་མ་བྱས།

བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་སུམ་ཅུའི་ཡས་མས་སུ་བྱུང་བ་དང་། འགས་གཏོར་དོན་རྐྱེན་བྱུང་རྗེས། རྒྱ་གར་དམག་ཕྱོགས་ཀྱིས་མྱུར་མོར་དོན་རྐྱེན་བྱུང་སར་བཀག་སྡོམ་བྱས་པ་རེད། ས་དེའི་མངག་གཏོང་ཁང་གིས་མེ་གསོད་མི་སྣ་ལྔ་བཅུ་ཙམ་མངག་ནས་དོན་རྐྱེན་བྱུང་སར་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཟེར།

ཡུལ་དངོས་ཀྱི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། ཞིག་རོའི་འོག་དུ་མི་མནན་ཡོད་སྲིད་པས་ཤི་རྨས་ཐེབས་པའི་མི་གྲངས་གཏན་འཁེལ་བྱེད་ཐབས་མེད་ཟེར།

བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།