ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱ་ཡིས་ཨ་མེ་རི་ཁས་རང་གི་ནང་སྲིད་ལ་ཐེ་གཏོགས་བྱས་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

67e0d01005d157de2b6071929be18b45.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན། ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཝེ་ནེ་ཙུའེ་ལཱའི་ཅཱ་ལཱ་ཅཱ་སི་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཚེས་བཅུ་དགུའི་ཉིན་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་ནང་སྲིད་ལ་ཐེ་གཏོགས་བྱས་པར་སྐྱོན་འཛུགས་བྱས།

ལོ་ཏི་ལི་ཀི་སི་ཡིས་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཏིས་ལེ་སུན་གྱིས་ཉིན་དེའི་ཝེ་ནེ་ཙུའེ་ལཱའི་གནས་བབ་ལ་སེམས་ཁུར་བྱེད་པའི་གཏམ་བཤད་སྤེལ་བར་རྒོལ་གཏམ་བཏང་བ་དང་། དེ་ནི་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ཚབས་ཆེན་ཞིག་ཡིན། དེའི་སྔོན་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་རྒྱལ་ནང་གི་དྲག་ཤུགས་དང་རྔམ་སྟོན་ཁྲོམ་སྐོར་ལ་ཇུས་འགོད་དང་ངན་སྐུལ་བྱས་ཏེ་སྲིད་འགྱུར་སློང་བའི་གཡོ་ཇུས་འཐེན་བཞིན་ཡོད་པར་བཤད།

ཚེས་བཅུ་དགུའི་ཉིན། ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་ཏང་དང་ངོ་རྒོལ་ཏང་གི་རྒྱབ་སྐྱོར་མཁན་གྱིས་སོ་སོར་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ་མི་གཉིས་རྐྱེན་ལམ་དུ་ཤོར།

ཉིན་དེའི་ཕྱི་དྲོར་མཱ་ཏུའུ་ལོ་ཡིས་བསྟན་དོན། ངོ་རྒོལ་ཏང་མནའ་འབྲེལ་དང་ཨ་མེ་རི་ཁའི་སྲིད་འགྱུར་གཡོ་ཇུས་ཕམ་པར་བཏང་ཡོད་ཟེར། ངོ་རྒོལ་ཏང་མནའ་འབྲེལ་གྱིས་མུ་མཐུད་དུ་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་མུ་མཐུད་དུ་སྤེལ་ཏེ། སྲིད་གཞུང་གིས་རྩ་ཁྲིམས་ཀྱི་སྒྲིག་ལམ་སླར་གསོ་བྱས་ཏེ་འདེམ་བསྐོའི་དུས་ཚོད་རེའུ་མིག་གཏན་འཁེལ་གསལ་བོ་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།