ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་དབུས་ཕྱོགས་ས་ཁུལ་གྱི་མཁོ་འཚོང་ལྟེ་གནས་ཤིག་ཏུ་མེ་སྐྱོན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། རྒྱ་གར་དབུས་ཕྱོགས་ཀྱི་ཆན་ཏི་ཝ་ལཱ་ས་ཁུལ་གྱི་མཁོ་འཚོང་ལྟེ་གནས་ཤིག་ཏུ་ཉིན་དེར་མེ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད།

ས་དེའི་ཉེན་རྟོག་པས་མཚམས་སྦྱོར་བྱས་པ་ལྟར་ན། དོན་རྐྱེན་བྱུང་རྗེས། མེ་གསོད་མི་སྣ་དང་སྨན་བཅོས་མི་སྣ་མངག་ནས་དོན་རྐྱེན་བྱུང་སར་རྒུད་སྐྱོབ་བྱ་བ་སྤེལ། མིག་སྔར་རྒུད་སྐྱོབ་མི་སྣས་ཞིག་རོའི་ཁྲོད་ནས་བེམ་པོ་བཅུ་དགུ་རྙེད་པ་དང་། རྨས་སྐྱོན་ལྗིད་མོ་ཕོག་པའི་མི་སྣ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར། ས་དེའི་དཔོན་པོ་ཞིག་གིས་བཤད་རྒྱུར། མིག་སྔར་མེ་སྐྱོན་ལ་ཚོད་འཛིན་བྱུང་ཡོད་པ་དང་། མེ་སྐྱོན་གྱི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར།

ས་དེའི་གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་བཤད་རྒྱུར། མཁོ་འཚོང་ལྟེ་གནས་སུ་འབར་སྣུམ་མང་བོ་གསོག་འཇོག་བྱས་ཡོད་པས་མེ་ཤུགས་ཇེ་ཆེར་སོང་བ་རེད་ཟེར།

དོན་རྐྱེན་བྱུང་རྗེས། རྒྱ་གར་དབུས་ཕྱོགས་ས་ཁུལ་གྱི་དབུ་བཞུགས་པུའུ་ཀྲང་ཆའོ་ཧན་གྱིས་འདས་པོའི་ཁྱིམ་མར་མྱ་ངན་ཞུས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།