ཀྲུང་གོ་བོད་ཀྱི་དྲ་བ།

ཐན་ཙན་ནི་ཡཱའི་སློབ་གྲྭའི་རླངས་འཁོར་ཞིག་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་སོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

坦桑尼亚一校车发生翻车 超过35人遇难.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐན་ཙན་ནི་ཡཱའི་ཁཱ་ལཱ་ཐུའུ་ས་ཁུལ་ནས་ཟླ་ལྔ་བའི་ཚེས་དྲུག་ཉིན་མི་བཞི་བཅུ་ལྷག་དྲུད་ཡོད་པའི་སློབ་གྲྭའི་རླངས་འཁོར་ཞིག་ལོག་པ་དང་། མིག་སྔར་དགེ་སློབ་སོ་ལྔ་ལྷག་རྐྱེན་ལམ་དུ་ཤོར་ཡོད། སློབ་གྲྭའི་རླངས་འཁོར་དེར་དྲུད་པའི་སློབ་མ་ནི་ཨ་ལུའུ་ཧྲའི་ཞིན་ཡུང་ཝུན་སུན་ཐི་དབྱིན་ཡིག་སློབ་ཆུང་གི་སློབ་མ་ཡིན་པ་རེད། དོན་རྐྱེན་བྱུང་སྐབས་རླངས་འཁོར་དེར་དྲུད་པའི་སློབ་མ་དག་ཁཱ་ལཱ་ཐུའུ་ས་ཁུལ་དུ་སོང་ནས་སློབ་གྲྭའི་བར་གྱི་ལད་བཟོའི་རྒྱུགས་ལ་ཞུགས་སུ་འགྲོ་བཞིན་ཡོད་པ་དང་། འཆར་གཞི་ལྟར་ན་རྒྱུགས་ལ་ཞུགས་རྗེས་ཨིན་ཀི་ལོ་ཨིན་ཀི་ལོ་མེ་རིར་གནས་སྐོར་དུ་འགྲོ་རྩིས་ཡོད་པ་རེད། 
མིག་སྔའི་བར་བེམ་པོར་བདག་དམ་བྱེད་པའི་བྱ་བ་སྤེལ་བཞིན་ཡོད་པ་དང་། འདས་པོ་དང་སྲོག་ཉེན་ལས་ཐར་བའི་མིའི་ཁ་གྲངས་ལ་འགྱུར་ལྡོག་འབྱུང་བཞིན་ཡོད། རྨས་མ་སྐོར་ཞིག་ཁཱ་ལཱ་ཐུའུ་ས་ཁུལ་གྱི་ལུའུ་ཏི་ཆོས་ཚོགས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།