ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡང་བསྐྱར་ཨ་པུའུ་ཡེ་དབྱེའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་འགན་ཡུན་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅོ་ལྔ་ཉིན་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱེའི་གནས་སྐབས་བདེ་འཇགས་དམག་དཔུང་གི་འགན་ཡུན་དེ་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་ཉིན་བར་ཟླ་ངོ་དྲུག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།

གྲོས་ཆོད་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཨ་པུའུ་ཡེ་དབྱེའིའི་བདེ་འཇགས་དམག་དཔུང་གི་མི་གྲངས་དེ་ད་ལྟའི་སྟོང་ལྔ་དང་སུམ་བརྒྱ་ནས་སྟོང་བཞི་དང་བདུན་བརྒྱ་གོ་གཅིག་བར་ཇེ་ཉུང་དུ་གཏོང་རྒྱུ་རེད། གྲོས་ཆོད་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་དང་སུའུ་ཏན་ལྷོ་མས་མྱུར་དུ་ཨ་པུའུ་ཡེ་དབྱེ་ས་ཁུལ་གྱི་དབང་འཛིན་ལས་ཁུངས་དང་གྲོས་ཁང་འཛུགས་པ་དང་། ཨ་པུའུ་ཡེ་དབྱེའི་ཉེན་རྟོག་ཅུའུ་བཙུགས་ནས། ཨ་པུའུ་ཡེ་དབྱེའི་མངའ་ཁོངས་ཧྲིལ་བོའི་བདེ་སྲུང་འགན་འཁྲི་ཁུར་དུ་ལེན་དུ་འཇུག་དགོས་པའི་རེ་བ་བཏོན།

གྲོས་ཆོད་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་དང་སུའུ་ཏན་ལྷོ་མའི་ཐད་ཀར་གྲོས་མོལ་བྱེད་པར་ཡང་བསྐྱར་ཡར་སྐུལ་བཏང་བ་དང་། ཨ་པུའུ་ཡེ་དབྱེའི་གནད་དོན་གྱི་ཆེས་མཇུག་མཐའི་ཐག་གཅོད་བྱེད་ཐབས་ལ་གྲོས་བསྡུར་བྱས་ཏེ། ཕྱོགས་གཉིས་ཀྱིས་བྱེད་ཐབས་སྤྱད་ནས་ཡིད་ཆེས་འབྲེལ་བ་འཛུགས་དགོས་པའི་སྐུལ་མ་བཏང་། གྲོས་ཆོད་ལས་ད་རུང་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་ལྷོ་མ་དང་སུའུ་ཏན་གྱིས་སོ་སོར་བདེ་འཇགས་མི་སྣ་དང་རྡོ་སྣུམ་གྱི་ཉེན་རྟོག་པ་ཨ་པུའུ་ཡེ་དབྱེ་ས་ཁུལ་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱེའི་གནས་སྐབས་བདེ་འཇགས་དམག་དཔུང་དང་ཨ་པུའུ་ཡེ་དབྱེའི་ཉེན་རྟོག་ཅུའུ་ལས་གཞན་ས་ཁུལ་དེར་དྲག་ཆས་དམག་དཔུང་གཞན་པ་ཡོད་མི་རུང་བ་ནན་བཤད་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།