ཀྲུང་གོ་བོད་ཀྱི་དྲ་བ།

རང་བཙན་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་གྱིས་བར་སྣང་གི་འཇབ་རྒོལ་ལ་རྒོལ་བའི་མ་ལག་འཛུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་ལས་ཁུངས་ཚགས་པར་སྐར་དམར་ཚགས་པར་སྟེང་ཚེས་ཉེར་གཉིས་ཉིན་ཨུ་རུ་སིའི་མཁའ་དམག་གི་སྤྱི་ཁྱབ་དམག་སྤྱི་པང་ཏཱ་ལེ་ཧྥུའུ་ཡི་བཅར་འདྲིའི་རྩོམ་ཡིག་སྤེལ་ཏེ། རང་བཙན་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་སྒོས་བར་སྣང་གི་འཇབ་རྒོལ་ལ་རྒོལ་བའི་མ་ལག་འཛུགས་རྒྱུ་ཡིན་ཟེར།

པང་ཏཱ་ལེ་ཧྥུའུ་ཡིས་བཅར་འདྲིའི་སྐབས་བཤད་རྒྱུར། མ་ལག་དེར་བར་སྣང་འཇབ་རྒོལ་གྱི་དུས་སྐབས་སྔོན་མའི་མྱུལ་ཞིབ་དང་ཉེན་བརྡ་གཏོང་བའི་མ་ལག བར་སྣང་གི་འགོག་སྲུང་བཀོད་འདོམ། མཁོ་སྒྲུབ་འགན་སྲུང་མ་ལག་སོགས་འདུས། རང་བཙན་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་ཀྱི་ད་ཡོད་ཀྱི་མཉམ་འབྲེལ་མཁའ་སྲུང་མ་ལག་ལེགས་སྒྲིག་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་བར་སྣང་འཇབ་རྒོལ་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

པང་ཏཱ་ལེ་ཧྥུའུ་ཡིས་བཤད་རྒྱུར། རང་བཙན་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་འགོག་སྲུང་མ་ལག་བཙུགས་པའི་ཚུན་ལ། བསྡོམས་པས་ཇུས་འདོན་པུའུ་ཡི་བཀོད་འདོམ་སྦྱོང་བརྡར་ཐེངས་ཉེར་ལྔ་དང་མདེལ་དངོས་མའི་སྦྱོང་བརྡར་ཐེངས་བཅུ་ལ་སྤེལ་མྱོང་། སྦྱོང་བརྡར་དེ་དག་ལས་མ་ལག་དེའི་ཕན་ནུས་རང་བཞིན་བདེན་དཔང་བྱས་ཡོད་པར་མ་ཟད། རང་བཙན་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་ཀྱི་མཁའ་ཁོངས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱས་ཡོད་ཟེར།

གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོའི་ཟླ་གཉིས་པར། རང་བཙན་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གྲོས་མཐུན་ལྟར། རང་བཙན་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་དག་གིས་མཁའ་སྲུང་མ་ལག་བཙུགས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།