ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་མུས་ཞི་ཞི་པུས་ཀྲིག་ནས་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་མུས་ཞི་ཞི་པུས་ཀྲིག་གི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཀྲིག་དེ་ནས་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་ཐེངས་གསུམ་བྱུང་སྟེ། ཉེན་རྟོག་པ་གཅིག་དང་བཅས་པའི་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་གཅིག་འཛིན་བཟུང་བྱས་ཡོད་ཟེར།

མུས་ཞི་ཞི་པུས་ཀྲིག་གི་རྟོག་ཞིབ་ཅུའུ་ཡི་མགྲིན་ཚབ་པ་སི་ཐི་ལན་གྱིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ནི་ཀྲིག་དེའི་ལིན་ཁུན་རྫོང་པའོ་ཀི་ཆི་ཐའོ་གྲོང་རྡལ་གྱི་སྡོད་ཁང་གསུམ་ནས་བྱུང་བ་རེད་ཟེར།

ལིན་ཁུན་རྫོང་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་ལཱ་ཧྲིན་གྱིས་བཤད་རྒྱུར། མི་ཞིག་གིས་ནམ་གུང་ཉེན་རྟོག་ལ་ཁ་པར་བཏང་སྟེ། བྱ་སྤྱོད་ལ་དོགས་གཞི་ཆེ་བའི་མི་ཞིག་ཁོ་ཚང་ནས་ཕྱིར་མི་འགྲོ་བར་བཤད། ཉེན་རྟོག་པ་ཞིག་དེར་སོང་རྗེས་དོགས་ཡོད་ཉེས་ཅན་བར་འཁྲུག་རྩོད་བྱས་ཏེ། ཉེན་རྟོག་པ་དེ་དང་མི་གཞན་པ་གསུམ་རྐྱེན་ལམ་དུ་ཤོར། དེ་ལས་ཉེ་འདབས་ཀྱི་སྡོད་ཁང་གཉིས་ནས་སོ་སོར་མི་གཉིས་རེ་བསད་ཡོད་ཟེར།

ཉེན་རྟོག་ཕྱོགས་ཀྱིས་མིང་ལ་ཀི་ཏི་པའོ་ཐི་ཟེར་བའི་དོགས་ཡོད་མི་སྣ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་བཤད་ན་ཀི་ཏི་པའོ་ཐི་ལ་དེའི་སྔོན་ནག་ཉེས་བཟོས་པའི་ཐོ་འགོད་མང་བོ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།