ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་བསྒྲགས་གཏམ་གལ་ཆེན་གཉིས་ནི་ལྷོ་བྱང་འབྲེལ་བ་ལེགས་བཅོས་བྱེད་པའི་རྨང་གཞི་ཡིན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་གྱིས་ཚེས་དྲུག་ཉིན་བསྟན་དོན། ཧན་གོའི་སྲིད་གཞུང་གིས་ངེས་པར་དུ་ལྷོ་བྱང་བར་བཀོད་པའི་བསྒྲགས་གཏམ་གལ་ཆེན་གཉིས་པོར་བརྩི་འཇོག་དང་ལག་བསྟར་བྱེད་པ་དེ་འབྲེལ་བ་ལེགས་བཅོས་བྱེད་པའི་རྨང་གཞིར་བྱེད་དགོས་ཟེར།

ཁྲའོ་ཞན་ངལ་རྩོལ་གསར་འགྱུར་གྱིས་ཉིན་དེར་རྩོམ་ཡིག་སྤེལ་ཏེ། རྩ་བའི་སྟེང་ནས་ལྷོ་བྱང་གི་འབྲེལ་བའི་ཉམས་ཉེན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ནི་ཟླ་དྲུག་པའི་ཚེས་བཅོ་ལྔའི་ཐུན་མོང་བསྒྲགས་གཏམ་དང་ཟླ་བཅུ་བའི་ཚེས་བཞིའི་བསྒྲགས་གཏམ་ལ་བརྩི་འཇོག་དང་ལག་བསྟར་བྱེད་པ་དེ་ཡིན་ཟེར།

རྩོམ་ཡིག་ལས་བཤད་རྒྱུར། སྔོན་ཆད་ཀྱི་ལྷོ་བྱང་གི་མགོ་གཙོའི་གྲོས་མོལ་གཉིས་ཀྱི་སྟེང་བསྒྲགས་གཏམ་སྤེལ་བ་དང་། དེ་མི་རིགས་ཐུན་མོང་གི་རང་དབག་གཅིག་གྱུར་གྱི་རྩ་གནད་ཆེན་པོར་གྱུར་ཡོད། ཧན་གོའི་སྲིད་དབང་བརྗེ་སྤོར་བྱས་པ་དེས་ལྷོ་བྱང་གི་འབྲེལ་བ་རང་བཞིན་གྱིས་ཇེ་ལེགས་སུ་འགྲོ་བའི་ངེས་པ་མེད་ལ། གནད་འགག་ནི་སུས་སྲིད་འཛིན་ལག་བསྟར་བྱེད་པ་དེ་མ་ཡིན་པར་སྲིད་འཛིན་མཁན་གྱིས་བསྒྲགས་གཏམ་དེ་གཉིས་ལ་བརྩི་འཇོག་དང་ལག་བསྟར་བྱེད་མིན་ལ་རག་ལས་ཡོད་ཟེར།

རྩོམ་ཡིག་ལས་ད་རུང་བཤད་རྒྱུར། མཚམས་ཆད་པའི་ལྷོ་བྱང་དམངས་ཁྲོད་ཚོགས་པའི་འགྲོ་འོང་སླར་གསོ་བྱེད་པ་དེ་ཕྱོགས་ཡོངས་ཀྱི་བཀག་སྡོམ་འབྲེལ་བ་མཇུག་སྒྲིལ་བར་དགོས་པ་ཆེན་པོ་ཡོད་ཀྱང་། དེ་ལས་འབྲེལ་བ་ལེགས་བཅོས་སུ་འགྲོ་ཐུབ་པའི་ངེས་པ་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།