ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་ཐར་གྱིས་ཡེ་མིན་ནས་དམག་དོན་འགུལ་སྐྱོད་ལ་ཞུགས་བཞིན་པའི་མཁའ་སྲུང་དམག་དཔུང་ཕྱིར་འཐེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁཱ་ཐར་རྒྱལ་སྲུང་པུའུ་ཡི་བཀའ་རྒྱ་ལྟར་ན། ཡེ་མིན་མངའ་ཁོངས་ཀྱི་དམིགས་འབེན་ལ་དམིགས་པའི་དམག་དོན་འགུལ་སྐྱོད་དུ་ཞུགས་བཞིན་པའི་ཁཱ་ཐར་གྱི་མཁའ་སྲུང་དམག་དཔུང་ཚེས་བརྒྱད་ཉིན་ཕྱིར་ཁཱ་ཐར་དུ་ཕྱིར་འཐེན་བྱས།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར། སོ་ཏི་ཨ་རབ་གཙོ་བྱས་ཏེ་སོ་ཏི་ཨ་རབ་དང་ཁི་ཝེ་ཐི། པཱ་ལིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁཱ་ཐར། ཨེ་ཅིབ་སོགས་རྒྱལ་ཁབ་ཀྱིས་གྲུབ་པའི་ཨ་རབ་རྒྱལ་ཁབ་ཀྱི་མཉམ་འབྲེལ་དམག་དཔུང་རྩ་འཛུགས་བྱས་ཏེ། ཡེ་མིན་གྱིན་ཧུའུ་སེ་དྲག་ཆས་པ་དང་སྔོན་ཆད་ཀྱི་ཙུང་ཐུང་སཱ་ལེ་ཧིའི་སྲིད་གཞུང་དམག་དཔུང་ལ་དམིགས་པའི་དམག་དོན་འགུལ་སྐྱོད་སྤེལ་བ་རེད།

ཕྱེད་གླིང་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཁཱ་ཐར་གྱིས་འཐབ་འཛིང་གནམ་གྲུ་དང་འགས་གཏོར་གནམ་གྲུ་བཅུ་མངག་ནས་སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁི་ཝེ་ཐི། པཱ་ལིན་བཅས་ཀྱི་དམག་དཔུང་དང་མཉམ་དུ་ཡེ་མིན་ནས་བར་སྣང་འཇབ་རྒོལ་ཐོག་མ་སྤེལ། དེ་ལས་གཞན་ཁཱ་ཐར་གྱིས་ད་རུང་མཚོན་ཆ་ཆེ་གྲས་དང་འབྲིང་འཕེན་འཕུར་མདའ་སྒྲིག་སྦྱོར་བྱས་པའི་དཔོན་དམག་སྟོང་ལྷག་མཉམ་འབྲེལ་དམག་དཔུང་ནང་ཞུགས་སུ་བཅུག་སྟེ། ཡེ་མིན་གྱི་རྒྱལ་ས་དང་ས་ཁུལ་གཞན་པར་དམིགས་པའི་དམག་དོན་འགུལ་སྐྱོད་སྤེལ། ཡེ་མིན་མངའ་ཁོངས་ཀྱི་དམིགས་འབེན་ལ་དམིགས་པའི་དམག་དོན་འགུལ་སྐྱོད་ཁྲོད། ཁཱ་ཐར་མཁའ་དམག་གིས་བསྡོམས་པས་གནམ་གྲུ་འཕུར་ཐེངས་སྟོང་གཉིས་བཀོད་སྒྲིག་བྱས་པ་དང་། མཉམ་འབྲེལ་དམག་དཔུང་ཁྲོད་ཀྱི་སོ་ཏི་ཨ་རབ་ཀྱི་དམག་དཔུང་ལ་མདེལ་སོགས་ཏུན་ཁྲི་གཅིག་དང་སྟོང་གཉིས་འདོན་སྤྲོད་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།