ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་གསུམ་གྱིས་ཡུལ་གྱར་བ་དང་ལེན་མ་བྱས་པས་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་བཅུ་གསུམ་ཉིན་ཡོ་རོབ་གླིང་ཤར་མའི་ཧང་ག་རི་དང་ཕོ་ལན། ཅེ་ཁི་བཅས་རྒྱལ་ཁབ་གསུམ་ལ་བཅའ་ཁྲིམས་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས། རྒྱུ་མཚན་ནི་རྒྱལ་ཁབ་དེ་དག་གིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་བགོ་བཤའ་བྱས་པའི་ཡུལ་གྱར་བ་དང་གནས་སྤོར་བ་དང་ལེན་མ་བྱས་པས་རེད། ཡོ་རོབ་གླིང་གནས་སྤོར་སྡོད་དམངས་ལས་དོན་གྱི་ཆེད་དོན་པ་ཨ་ཧྥེ་ལཱ་མའོ་ཕུའུ་ལོ་སི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོས་ཡང་དང་བསྐྱར་དུ་འབོད་སྐུལ་བཏང་ཡང་། ཧང་ག་རི་དང་ཅེ་ཁི། ཕོ་ལན་བཅས་རྒྱལ་ཁབ་ཀྱིས་དགོས་ངེས་ཀྱི་འགུལ་སྐྱོད་སྤེལ་མེད་ཟེར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉིས་སྟོང་བཅོ་ལྔ་ལོར་ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས་ལ་འབྲེལ་བའི་འཆར་གཞི་གཏན་འབེབས་བྱས་པ་དང་། ཕོ་ལན་དང་ཧང་ག་རི། ཅེ་ཁི། སི་ལོ་ཝ་ཁི་བཅས་རྒྱལ་ཁབ་བཞིའི་ཙུང་ལི་ཡིས་ད་ལོའི་ལོ་མགོར་ཕོ་ལན་གྱི་རྒྱལ་ས་ཧྭ་ཧྲ་ནས་གྲོས་མོལ་བྱས་ཏེ། ཡུལ་གྱར་བ་དང་ལེན་མི་བྱེད་པ་སོགས་གནད་དོན་ལ་གྲོས་འཆམ་བྱུང་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།