ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་མཚོ་དམག་གི་མཐར་སྐྲོད་གྲུ་གཟིངས་ཤིག་འཇར་པན་ཉེ་འདབས་ཀྱི་མཚོ་ཁོངས་ནས་ཚོང་ཟོང་གྲུ་གཟིངས་ཤིག་ལ་ཐོ་བརྒྱབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་མཚོ་དམག་གིས་བཤད་རྒྱུར། ཨ་མེ་རི་ཁའི་མཚོ་དམག་གིས་ཧྥེ་ཚི་ཅེ་ལཱ་ཏི་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་ཤིག་ཚེས་བཅུ་བདུན་ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་དང་སྐར་མ་སུམ་ཅུའི་ཡས་མས་སུ། འཇར་པན་ཉེ་འདབས་ཀྱི་མཚོ་ཁོངས་ནས་ཚོང་ཟོང་གྲུ་གཟིངས་ཤིག་དང་ཐོ་བརྒྱབ་པ་རེད་ཟེར།

ཨ་མེ་རི་ཁའི་མཚོ་དམག་གི་གྲུ་གཟིངས་རུ་ཁག་བདུན་པའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དོན་རྐྱེན་དེ་འཇར་པན་གྱི་ཧིན་ཞུའུ་ཧི་གྲོང་ཁྱེར་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་ང་དྲུག་གི་མཚམས་ཀྱི་མཚོ་ཁོངས་ནས་བྱུང་བ་རེད་ཟེར། ཨ་མེ་རི་ཁའི་མཚོ་དམག་གིས་འཇར་པན་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་དོན་དེར་རོགས་འདེགས་བྱེད་དགོས་པའི་རེ་བ་བཏོན་ཡོད།

གསལ་སྒྲོག་ལས་བཤད་རྒྱུར། མིག་སྔར་གྲུ་གཟིངས་ལ་གཏོར་བརླག་ཐེབས་པའི་གནས་ཚུལ་དང་མི་སྣར་ཤི་རྨས་ཐེབས་པའི་གནས་ཚུལ་གསལ་བོར་མི་ཤེས་པ་དང་། དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།