ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་ཕུའུ་ཐའོ་ཡཱ་ནས་མེ་སྐྱོན་ཆེན་པོ་བྱུང་བར་ཧ་ལས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཕུའུ་ཐའོ་ཡཱའི་ཏཱ་ཕའེ་ཏི་ལོ་ཀང་ས་ཁུལ་ནས་མེ་སྐྱོན་ཆེན་པོ་བྱུང་བར་ཧ་ལས་པའི་ཚུལ་བསྟན་པ་དང་། ཕུའུ་ཐའོ་ཡཱ་སྲིད་གཞུང་དང་མི་དམངས་ལ་འཚམས་འདྲི་བྱས།

ཀུའུ་ཐི་ལོས་ཡིས་བསྟན་དོན། ཁོས་འདས་པོའི་ཁྱིམ་མི་དག་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བར་རེ་བ་བཅངས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དུས་ངེས་མེད་དུ་དགོས་གལ་ཆེ་བའི་རོགས་སྐྱོར་བྱེད་འདོད་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་ཕུའུ་ཐའོ་ཡཱ་སྲིད་གཞུང་དང་མེ་གསོད་མི་སྣ། སྤྱི་དམངས་སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་མེ་སྐྱོན་ལ་འཕྲལ་སྒྲུབ་བྱེད་ཐབས་སྤྱད་དེ་དགོས་མཁོ་ཡོད་པའི་མི་ལ་རོགས་སྐྱོར་བྱས་པར་གཟེངས་བསྟོད་བྱས།

ཕུའུ་ཐའོ་ཡཱའི་ནང་སྲིད་རྒྱལ་སྲིད་དྲུང་ཡིག་ཀི་མཱེ་སི་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཕུའུ་ཐའོ་ཡཱའི་དབུས་ཕྱོགས་ས་ཁུལ་དུ་བྱུང་བའི་ནགས་ཚལ་མེ་སྐྱོན་ཁྲོད་མི་རེ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ང་བཞིར་རྨས་ཕོག་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།