ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཡོ་རོབ་གླིང་གི་རྒྱལ་ཁབ་དྲུག་ལ་འཚམས་འདྲི་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

资料图:日本首相安倍晋三。.jpg

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱི་རྒྱུ་ཆའི་པར་རིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་བཞིའི་ཉིན་བསྒྲགས་པ་ལྟར་ན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་ཚེས་ལྔ་ཉིན་ཡོ་རོབ་གླིང་གི་རྒྱལ་ཁབ་དྲུག་ཏུ་འཚམས་འདྲིར་འགྲོ་རྒྱུ་ཡིན་པ་དང་། འཚམས་འདྲིའི་སྐབས་སུ་ཡོ་རོབ་གླིང་མནའ་འབྲེལ་དང་མཉམ་དུ་དཔལ་འབྱོར་གྲོགས་པོའི་གྲོས་མཐུན་གྱི་གཙོ་འཛིན་གྲོས་མོལ་སྤེལ་རྒྱུ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་མ་ཟད། ཨ་མེ་རི་ཁ་དང་ཧན་གོའི་མགོ་ཁྲིད་པར་གྲོས་མོལ་བྱེད་རྒྱུ་རེད་ཟེར།

འཇར་པན་སྲིད་གཞུང་གི་མགྲིན་ཚབ་པ་ཅན་དབྱེ་ཝེ་ཡིས་བསྟན་དོན། ཨན་པའེ་ཅིན་སན་གྱིས་ཚེས་ལྔ་ཉིན་ནས་ཚེས་བཅུ་གཉིས་བར་ཡོ་རོབ་གླིང་གི་རྒྱལ་ཁབ་དྲུག་ལ་འཚམས་འདྲི་བྱེད་རྒྱུ་ཡིན་ཞིང་། འཇར་པན་དང་ཡོ་རོབ་གླིང་གི་དཔལ་འབྱོར་གྲོགས་པོའི་གྲོས་མཐུན་གྱི་གཙོ་འཛིན་གྲོས་མོལ་ལ་ཞུགས་རྒྱུ་ལས་གཞན་ད་རུང་འཇར་པན་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལའང་ཞུགས་རྒྱུ་རེད་ཟེར།

ཅན་དབྱེ་ཝེ་ཡིས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་མོལ་ལ་ཞུགས་ཏེ་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་རྒྱལ་ཁབ་སོ་སོའི་གཙོ་འཛིན་བར་ཕྱི་ཕྱོགས་འབྲེལ་བ་འཛུགས་རྒྱུ་རེད།

ཁོས་བསྟན་དོན། ཨན་པའེ་ཅིན་སན་གྱིས་འཇར་པན་དང་ཧན་གོ། ཨ་མེ་རི་ཁ་བཅས་རྒྱལ་ཁབ་གསུམ་གྱི་མགོ་གཙོའི་གྲོས་མོལ་སྤེལ་རྒྱུ་མ་ཟད། གྲོས་མོལ་རབ་དང་རིམ་པ་སྤེལ་ཏེ་ཐུན་མོང་མཉམ་ལས་ནས་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར་རྒྱུ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།