ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ནས་ས་ཁུལ་གྱི་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱེད་པ་གཙོ་བོར་བཟུང་ནས་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་ཉེར་དགུ་བའི་གྲོས་ཚོགས་རབ་དང་རིམ་པ་ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་ནས་ཟླ་བདུན་པའི་ཚེས་བཞིའི་ཉིན་ཨེ་ཙེ་ཨོ་ཕུ་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་རུ་ཡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་སྤེལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་བསྟན་དོན། ས་ཁུལ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

དེང་སྐབས་ཨ་ཧྥེ་རི་ཁ་གླིང་གི་མདུན་དུ་ལྷགས་པའི་ཛ་དྲག་གི་བདེ་འཇགས་གནས་བབ་འོག ཞི་བདེ་དང་བདེ་འཇགས་དེ་ཐེངས་འདིའི་གྲོས་མོལ་རབ་དང་རིམ་པའི་གྲོས་གཞི་གཙོ་བོར་གྱུར་ཡོད། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་གྲོས་ཚོགས་སྐབས་སུ་བསྟན་དོན། ཞི་བདེ་དང་བདེ་འཇགས་ནི་ཨ་ཧྥེ་རི་ཁ་གླིང་རྒླ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་ཞི་བདེ་དང་བདེ་འཇགས་གནད་དོན་དེའང་ཨ་ཧྥེ་རི་ཁ་གླིང་གི་མདུན་དུ་ལྷགས་པའི་འགྲན་རྩོད་ཆེན་པོ་ཞིག་ཡིན་ཟེར།

ཧྥ་ཅི་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་རེ་འགའ་སྔར་བཞིན་འཇིགས་སྐུལ་རིང་ལུགས་དང་འཐབ་འཁྲུག་གི་འཇིགས་ཉེན་ལ་འཕྲད་ཡོད་པས། དེར་ངེས་པར་དུ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་མཐོང་ཆེན་བྱེད་དགོས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཤུགས་རྐྱེན་ནུས་པ་འདོན་སྤེལ་བྱས་ཏེ། འབྲེལ་ཡོད་རྒྱལ་ཁབ་ཀྱིས་གནད་དོན་ཐག་གཅོད་བྱེད་པར་རོགས་རམ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།