དབྱི་ལིང་ཙུང་ཐུང་གིས་སྐྱེས་མའི་ཙུང་ཐུང་གཞོན་པ་གསུམ་བསྐོ་འཇོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུའི་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་སྐྱེས་མའི་ཙུང་ཐུང་གཞོན་པ་གསུམ་བསྐོ་འཇོག་བྱས།

བསྒྲགས་པ་ལྟར་ན། བསྐོ་འཇོག་བྱས་པའི་སྐྱེས་མའི་ཙུང་ཐུང་གཞོན་པ་གསུམ་ནི་སོ་སོར་མཱ་སུའུ་མཱེ.ཨེ་པུའུ་ཐི་ཁཱ་ཨར་དང་། ལཱ་ཡཱ.ཆའོ་ནེ་ཏིས། ཧྲ་ཞིན་ཏའོ་ཧི་ཐི.མའོ་ལཱ་ཝེ་ཨར་ཏིས་བཅས་ཡིན་པ་དང་། སོ་སོར་བུད་མེད་དང་ཁྱིམ་ཚང་གི་ལས་དོན། བཅའ་ཁྲིམས་ལས་དོན་བཅས་ཐད་ཀྱི་ཙུང་ཐུང་གི་དམངས་དོན་གནད་དོན་གྱི་བློ་འདོན་པའི་འགན་ཁུར་རྒྱུ་རེད།

ལུའུ་ཧཱ་ནེ་ཡིས་བལྟས་ན། དབྱི་ལིང་གི་གཤིས་འཇམ་ཕྱོགས་ཁག་གི་ཆབ་སྲིད་མི་སྣས་འགྲན་རྩོད་སྐབས་སུ་སྐྱེས་མའི་སྤྱི་ཚོགས་ཁྲོད་ཀྱི་ནུས་པ་གལ་ཆེན་ནན་བཤད་བྱས་མྱོང་བར་འདོད།

དབྱི་ལིང་གི་རྩ་ཁྲིམས་ལྟར་ན། ཙུང་ཐུང་གིས་གྲོས་ཁང་གི་ཆོག་མཆན་མ་ཐོབ་པའི་གནས་ཚུལ་འོག་ཙུང་ཐུང་གཞོན་པ་བསྐོ་འཇོག་བྱས་ཆོག་པ་དང་། མི་གྲངས་བཅུ་ལ་བསླེབ་ཆོག ཙུང་ཐུང་གཞོན་པ་རེ་རེས་ཙུང་ཐུང་གི་ལས་དོན་དང་འབྲེལ་བའི་རྩ་འཛུགས་ལས་ཁུངས་རེའི་འགན་ཁུར་དགོས་པ་ཡིན། ཙུང་ཐུང་གཞོན་པ་དང་པོ་ལས་གཞན་ཙུང་ཐུང་གཞོན་པའི་གལ་ཆེན་རང་བཞིན་དེ་བྱེ་བྲག་ཏུ་སྲིད་དོན་བྱ་བའི་འགན་ཁུར་བའི་ནེ་ཀིའི་པུའུ་ཀྲང་དང་བསྡུར་ཐབས་མེད། ཙུང་ཐུང་ཞུགས་མེད་པའི་གནས་ཚུལ་འོག ཙུང་ཐུང་གཞོན་པ་དང་པོས་ནེ་ཀིའི་གྲོས་ཚོགས་ལ་མགོ་འཛིན་བྱས་ཆོག་པ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།