ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ནེ་ཀྲི་རི་ཡཱའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་ལྔ་ཉིན་གྱི་ནམ་གུང་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་ནས་ཉིན་དེར་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།

ཀུའུ་ཐི་ལོས་སི་ཡིས་གསལ་སྒྲོག་ནང་གང་མགྱོགས་སྒོས་ནེ་ཀྲི་རི་ཡཱ་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་ཡང་དང་བསྐྱར་དུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་མཁན་དེ་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་། ཁོས་བསྐྱར་སྒྲོག་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནེ་ཀྲི་རི་ཡཱའི་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས་ཀྱི་དྲག་ཤུགས་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཀྲི་ཏི་མཚོ་ཁོངས་ཨུ་ཡོན་ལྷན་ཁང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཆར་གཞིར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ནེ་ཀྲི་རི་ཡཱའི་པའོ་ཨར་ནོའུ་ཀྲིག་གི་ཞིང་ཞོར་ཐོན་རྫས་ཀྱི་ཉོ་ཚོང་ཚོང་ར་ཞིག་ཏུ་ཚེས་བཅོ་ལྔ་ཉིན་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་ཉེར་བདུན་རྐྱེན་ལམ་དུ་ཤོར། ཉིན་དེར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་མཁན་གཞན་པ་གཉིས་ཀྱིས་ཀྲིག་དེའི་ཡུལ་གྱར་བའི་སྒར་ས་ཞིག་གི་སྒོ་ཁ་ནས་འགས་གཏོར་དོན་རྐྱེན་བཟོས་ཏེ་མི་མང་བོར་རྨས་ཕོག་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།