ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་མང་ཚོགས་མང་བོ་ཙུང་ཐུང་བཞུགས་ཤག་དང་ཧན་གོར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་སྒོ་ཁར་འདུས་ནས་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོ་དང་ཨ་མེ་རི་ཁའི་དམག་དཔུང་གིས་དབྱེ་ཀྲི་རང་དབང་ཉེན་སྲུང་བ་ཞེས་པའི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་པ་དང་། ཧན་གོའི་རྒྱལ་ས་ཧྲིག་ཨར་ནས་ཚེས་ཉེར་གཅིག་ཉིན་མང་ཚོགས་སྐོར་ཞིག་ཙུང་ཐུང་བཞུགས་ཤག་དང་ཧན་གོར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་སྒོ་ཁར་འདུས་ཏེ། དམག་དོན་སྦྱོང་བརྡར་དེར་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།