ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཁི་ཨར་གྱིས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་བྱ་བར་ཞུགས་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་ཙུང་ཐུང་མའོ་ཁི་ཨར་གྱིས་ཚེས་བཅུའི་ཉིན་བསྟན་དོན། འཇར་མན་སྲིད་གཞུང་ཐད་ཀར་དུ་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཐག་གཅོད་བྱ་བའི་ནང་ཞུགས་འདོད་ཡོད་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱས་པའི་རྣམ་པ་དཔྱད་གཞིར་བཟུང་ཆོག་ཟེར།

མའོ་ཁི་ཨར་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོ་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་བྱ་བའི་ནང་ཞུགས་དགོས་པའི་རེ་བ་བཏོན་ན། ང་ཚོ་མྱུར་མོར་ཡིད་འཐད་འབྱུང་སྲིད་ཟེར།

མའོ་ཁི་ཨར་གྱིས་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་སྐབས། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་དུས་ཡུན་རིང་བོའི་ཕྱི་འབྲེལ་གྲོས་མོལ་གལ་ཆེན་སྤེལ་རྗེས། འདས་པའི་ལོ་ངོ་འགའི་ནང་གྲུབ་འབྲས་བཟང་བོ་བླངས་ཡོད་པས། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་དེ་ཐག་གཅོད་བྱེད་པར་ཡང་རྣམ་པ་དེ་དཔྱད་གཞིར་བཟུང་ཆོག འཇར་མན་གྱིས་བྱ་བ་དེའི་ཁྲོད་ཞུགས་པར་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར།

འདས་པའི་གཟའ་འཁོར་གཅིག་གི་ནང་། མའོ་ཁི་ཨར་གྱིས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་ཧྥ་རན་སི་དང་ཀྲུང་གོ། ཧན་གོ། འཇར་པན་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་པར་ཁ་པར་བཏང་ནས་འབྲེལ་འདྲིས་བྱས། ཁོ་མོས་ཁྲའོ་ཞན་གྱིས་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་སུ་བཏང་ན་ཧན་གོ་དང་འཇར་པན་གྱིས་ཀྱང་ཉིང་རྡུལ་མཚོན་ཆ་གསར་སྤེལ་བྱེད་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད། ཁོ་མོས་ཞི་བའི་གྲོས་མོལ་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་དམིགས་འབེན་ལ་ཡར་སྐུལ་གཏོང་ཆེད། ཁྲའོ་ཞན་གྱི་བཀག་སྡོམ་བྱེད་ཐབས་ལ་ཤུགས་སྣོན་དགོས་པའི་གྲོས་གཞི་བཏོན། མའོ་ཁི་ཨར་གྱིས་ཚེས་བཅུ་གཅིག་ཉིན་ད་རུང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་དོན་དེར་ཁ་པར་གྲོས་མོལ་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།