ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཙེར་ནས་མེ་འཁོར་གཉིས་ཐོ་བརྒྱབ་སྟེ་མི་སུམ་ཅུར་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའེ་ཙེར་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། མེ་འཁོར་གཉིས་ཉིན་དེར་ཝུའུ་ལི་ཀྲིག་ཨན་ཏི་མཱ་ཐི་གྲོང་རྡལ་ཉེ་འདབས་ནས་ཐོ་བརྒྱབ་སྟེ། མི་སུམ་ཅུར་རྨས་ཕོག་ཟེར། སུའེ་ཙེར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་གསར་འགོད་པར་བདེན་དཔང་བྱས་དོན། མིག་སྔའི་བར་ཀྲུང་གོའི་སྤྱི་དམངས་ལ་རྨས་ཕོག་པའི་སྙན་ཞུ་འབྱོར་མེད་ཟེར།

ཝུའུ་ལི་ཀྲིག་གི་ཉེན་རྟོག་པས་བཤད་རྒྱུར། དོན་རྐྱེན་དེ་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་སུམ་ཅུའི་ཡས་མས་སུ་བྱུང་བ་དང་། མེ་འཁོར་གཅིག་ནི་འཁོར་སྒམ་ལྔ་ཅན་གྱི་འགྲུལ་སྐྱེལ་མེ་འཁོར་ཞིག་ཡིན་པ་དང་། སྐབས་ཐོག་དེར་མེ་འཁོར་སྟེང་དུ་འགྲུལ་བ་བརྒྱ་ཙམ་ཡོད་པ་རེད།

ས་དེའི་ཉེན་རྟོག་པ་དང་སྨན་བཅོས་མི་སྣ་དོན་རྐྱེན་བྱུང་སར་སོང་ནས་རྟོག་ཞིབ་དང་རྒུད་སྐྱོབ་བྱས། མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་གསལ་བོར་མི་ཤེས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།