ཀྲུང་གོ་བོད་ཀྱི་དྲ་བ།

སིང་ག་ཕོར་གྱི་བུད་མེད་ཙུང་ཐུང་ཐོག་མ་བདམས་ཐོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ཕོར་གྱི་འདེམ་བསྐོ་ཅུའུ་ཡིས་ཚེས་བཅུ་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཙུང་ཐུང་གི་འདེམ་བསྐོ་ལ་ཞུགས་པའི་ཐོབ་ཐང་དཔང་ཡིག་རེ་ཞུ་སྤྲད་པའི་མི་སྣ་ལྔའི་ཁྲོད། སྔོན་ཆད་ཀྱི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཧཱ་ལེ་མཱ་གཅིག་པར་ཙུང་ཐུང་འདེམ་སྒུག་པའི་ཐོབ་ཐང་དཔང་ཡིག་ཐོབ་པ་རེད། དེ་ལས་སིང་ག་ཕོར་གྱི་སྐབས་འདིའི་ཙུང་ཐུང་གི་འདེམ་སྒུག་པ་སྔ་མོ་ནས་གཏན་འཁེལ་བྱས་པ་མཚོན་ཡོད། ཧཱ་ལེ་མཱ་ལ་འདེམ་བསྐོ་མ་བྱས་པར་རྒྱལ་ཁ་ཐོབ་ནས། སིང་ག་ཕོར་གྱི་ལོ་རྒྱུས་སྟེང་གི་བུད་མེད་ཙུང་ཐུང་ཐོག་མ་དང་ཆེས་མཐོའི་ཆབ་སྲིད་ལས་འགན་ཁུར་བའི་མཱ་ལེ་རིགས་ཀྱི་བུད་མེད་ཐོག་མར་གྱུར་བ་རེད།

ད་ལོར་ལོ་རེ་གཉིས་ཡིན་པའི་ཧཱ་ལེ་མཱ་ཡང་སིང་ག་ཕོར་རྒྱལ་ཚོགས་ཀྱི་བུད་མེད་གྲོས་དཔོན་ཐོག་མ་ཡིན་པ་རེད།

སིང་ག་ཕོར་གྱི་འདེམ་བསྐོ་ཅུའུ་ཡིས་བཤད་རྒྱུར། རེ་ཞུ་བྱེད་མཁན་གྱི་མི་སྣ་ལྔ་བོར་མཇུག་འབྲས་དང་། ཙུང་ཐུང་གི་འདེམ་སྒུག་མི་སྣའི་ཐོབ་ཐང་དཔང་ཡིག་མ་ཐོབ་པའི་རྒྱུ་མཚན་ཤེས་སུ་བཅུག་ཡོད་པས། དབང་འཛིན་ལས་ཁུངས་ཀྱིས་ཐོབ་ཐང་མ་ཐོབ་པའི་རེ་ཞུ་མཁན་གྱི་མིང་དང་རྒྱུ་མཚན་ཁྱབ་སྒྲོག་བྱེད་རྒྱུ་མིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།