ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་སི་རི་ཡཱ་ལ་བཟོ་སྐྲུན་དངོས་རྫས་སྐྱེལ་འདྲེན་བྱས་ཏེ་བསྐྱར་འཛུགས་ཐད་རོགས་རམ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་ཡིས་སི་རི་ཡཱ་རུ་བཟོ་སྐྲུན་རྒྱུ་ཆ་དང་སྒྲིག་ཆས་ཏུན་སྟོང་བཞི་ལྷག་སྐྱེལ་འདྲེན་བྱས་ཏེ། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཐལ་སྤྱོད་རྩ་འཛུགས་ཀྱི་ལག་ནས་བཅིངས་འགྲོལ་བཏང་བའི་ས་ཁུལ་གྱི་བསྐྱར་འཛུགས་ཐད་བཀོལ་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་མིག་སྔར་ལྕགས་ལམ་སྐྱེལ་འདྲེན་ལ་བརྟེན་ནས་བཟོ་སྐྲུན་རྒྱུ་ཆ་དང་སྒྲིག་ཆས་དག་ཨུ་རུ་སིའི་མཚོ་ནག་འགྲམ་བརྒྱུད་ཀྱི་ཞིན་ལོ་ཞི་སི་ཁི་གྲུ་ཁ་རུ་བསྐྱལ་རྗེས། མཚོ་ཐོག་སྐྱེལ་འདྲེན་གྱི་ཐབས་ལ་བརྟེན་ནས་སི་རི་ཡཱ་རུ་སྐྱེལ་རྒྱུ་ཡིན་པ་དང་། དངོས་རྫས་དེ་དག་གཙོ་བོ་སྡོད་དམངས་ཀྱི་ཉིན་རྒྱུན་འཚོ་བར་མཁོ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དངོས་རྫས་དེ་དག་ནང་ཆུ་འདྲེན་པར་མཁོ་བའི་ལྕགས་སྦུག་ཏུན་སྟོང་གཉིས་ལྷག་དང་། སྤྱི་ལེ་བརྒྱ་ཕྲག་འགའི་མཐོ་གནོན་གློག་སྐུད་དང་འཕྲིན་གཏོང་གློག་སྐུད། སྨན་ཁང་དང་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་རྒྱུ་ཆ། དེ་མིན་ས་འདེད་འཕྲུལ་ཆས་དང་ས་བརྐོ་འཕྲུལ་ཆས་བཞི་བཅུ་ལྷག་སོགས་སྒྲིག་ཆས་འདུས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།